འཚོལ་བཤེར།   
藏文频道
2015ལོའི་ཟླ་2ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།པར་ཙིར་རྒྱལ་ཁབ་ཀྱི་ཙུང་ཐུང་གིས་འཛམ་གླིང་ཡོངས་ཀྱི་ཕྱིར་སྡོད་ཀྲུང་གོ་བ་དང་ཀྲུང་གོ་
    བ་ཚོར་ལོ་གསར་བཀྲ་ཤིས་བདེ་ལེགས་ཞུས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 02ཚེས་04ཉིན། 13:39】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         སྤྱི་ཟླ་2ཚེས་2ཉིན་པར་ཙིར་རྒྱལ་ཁབ་ཀྱི་ཙུང་ཐུང་ལུའོ་སའེ་ཧྥུའུ་ཡིས་པར་ཙིར་ལི་ཡར་གནས་སྡོད་པའི་ཀྲུང་གོ་བ་དང་ཕྱིར་སྡོད་ཀྲུང་གོ་བའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཀུའུ་ཧང་ལུའུ་ལ་འཕྲིན་ཡིག་སྤྲིངས་ནས་འཛམ་གླིང་ཡོངས་དང་ལྷག་པར་དུ་པར་ཙིར་རྒྱལ་ཁབ་ཏུ་གནས་སྡོད་པའི་ཕྱིར་སྡོད་ཀྲུང་གོ་བ་དང་ཀྲུང་གོ་བ་ཚོར་ལོ་གསར་བཀྲ་ཤིས་བདེ་ལེགས་ཞུས་པ་རེད།
         ཙུང་ཐུང་ལུའོ་སའེ་ཧྥུའུ་ཡིས་འཕྲིན་ཡིག་ནང་དུ་ཀྲུང་གོའི་ལུགས་རྙིང་གི་ལོ་གསར་འཆར་ལ་ཉེ་བའི་སྐབས་འདིར་ཀྲུང་གོ་བ་དང་ཕྱིར་སྡོད་ཀྲུང་གོ་བ་ཡོངས་ལ་ཤིང་མོ་ལུག་ལོར་བཀྲ་ཤིས་བདེ་ལེགས་དང་འཕྲིན་ལས་དར་རྒྱས་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུས་ཞེས་བྲིས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།