མི་དམངས་དྲ་བ།

༄༅།།ཀྲུང་གུང་ཀྲུང་དབྱང་གིས་ཝེ་ཐེ་ནམ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་85འཁོར་བར་
གློག་འཕྲིན་བཏང་ནས་རྟེན་འབྲེལ་ཞུས་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 02ཚེས་04ཉིན། 09:55】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་3ཉིན་ཀྲུང་གོའི་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ལ་གློག་འཕྲིན་བཏང་ནས་ཝེ་ཐེ་ནམ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་85འཁོར་བར་རྟེན་འབྲེལ་ཞུས་པ་རེད། 
       རྟེན་འབྲེལ་གློག་འཕྲིན་ནང་བརྗོད་དོན། ལོ་ངོ་85རིང་ལ་ཝེ་ཐེ་ནམ་གུང་ཁྲན་ཏང་གིས་ཝེ་ཐེ་ནམ་རྒྱལ་ཁབ་ཀྱི་མི་དམངས་ཀྱི་སྣེ་ཁྲིད་དེ་མི་རིགས་བཅིངས་འགྲོལ་དང་རྒྱལ་ཁབ་གཅིག་གྱུར་མངོན་འགྱུར་བྱས་པ་དང་། སྤྱི་ཚོགས་རིང་ལུགས་འཛུགས་སྐུན་དང་གསར་བཅོས་བྱ་གཞག་ལ་གྲུབ་འབྲས་གཟེངས་སུ་ཐོན་པ་ཐོབ་པར་ང་ཚོས་དགའ་སྤྲོ་ཆེན་པོ་བྱེད་ཀྱི་ཡོད། བློ་མཐུན་རོན་ཧྥུའུ་ཀྲུང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཝེ་ཐེ་ནམ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་འོག་ཝེ་ཐེ་ནམ་རྒྱལ་ཁབ་ཀྱི་གསར་བཅོས་བྱ་གཞག་གི་དམིགས་ཡུལ་ཁག་མངོན་དུ་འགྱུར་བར་བྱེད་ཐུབ་ངེས་ཡིན་ཞིང་། གྲུབ་འབྲས་གསར་པ་ཐོབ་པའི་སྒོ་ནས་ཚོགས་ཆེན་བཅུ་གཉིས་པ་རྒྱལ་ཁའི་ངང་་འཚོགས་པར་བསུ་བ་ཞུ་རྒྱུ་རེད།