མི་དམངས་དྲ་བ།

༄༅།།ཀྲུང་གུང་ཀྲུང་དབྱང་གིས་༼ བསམ་འཆར་ ༽ཞེས་པ་པར་འགྲེམས་བྱས་ནས་ཏང་གི་མང་
ཚོགས་ཀྱི་ཚོགས་པའི་སྐོར་གྱི་ལས་དོན་སྒྲུབ་ཤུགས་ཆེར་གཏོང་
དང་ལེགས་བཅོས་བྱ་རྒྱུ་ཡིན་པ། 

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 02ཚེས་04ཉིན། 09:53】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གིས་༼ ཏང་གི་མང་ཚོགས་ཀྱི་ཚོགས་པའི་སྐོར་གྱི་ལས་དོན་སྒྲུབ་ཤུགས་ཆེར་གཏོང་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་བསམ་འཆར་ ༽ཞེས་པ་པར་འགྲེམས་བྱས་པ་རེད། ༼ བསམ་འཆར་ ༽ནང་དུ་གནས་བབ་གསར་པའི་འོག་ཏང་གི་མང་ཚོགས་ཀྱི་ཚོགས་པའི་སྐོར་གྱི་ལས་དོན་སྒྲུབ་ཤུགས་ཆེར་གཏོང་དང་ལེགས་བཅོས་བྱེད་པའི་གལ་འགངས་ཆེ་བའི་རང་བཞིན་དང་ཁ་ཚ་དགོས་གཏུགས་ཀྱི་རང་བཞིན་རྣམ་བཤད་གཏིང་ཟབ་པོ་བྱས་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་མང་ཚོགས་ཀྱི་ཚོགས་པ་འཕེལ་རྒྱས་གཏོང་རྒྱུའི་འགྲོ་ལམ་ཚན་རིག་དང་མཐུན་པའི་སྒོ་ནས་སྙིང་བསྡུས་བྱས་པས། དེས་ཏང་གིས་མང་ཚོགས་ཀྱི་ཚོགས་པའི་རྩ་འཛུགས་ལ་ཆབ་སྲིད་ཀྱི་འགོ་ཁྲིད་དང་། བསམ་བློའི་འགོ་ཁྲིད། རྩ་འཛུགས་ཀྱི་འགོ་ཁྲིད་བཅས་བྱེད་ཤུགས་ཆེར་གཏོང་དང་ལེགས་བཅོས་བྱ་རྒྱུ་དང་། མང་ཚོགས་ཀྱི་ཚོགས་པའི་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་བྱ་རྒྱུ་དང་མང་ཚོགས་ཀྱི་ཚོགས་པའི་རྩ་འཛུགས་བསྒྱུར་བཅོས་གསར་གཏོད་ལ་སྐུལ་འདེད་གཏོང་རྒྱུར་དགོས་འདུན་ཁ་གསལ་དང་སྲིད་ཇུས་དང་བྱ་ཐབས་རབ་དང་རིམ་པ་བཏོན་པས། དེ་ནི་ཏང་གི་མང་ཚོགས་ཀྱི་ཚོགས་པའི་ལས་དོན་ལ་སློབ་སྟོན་དང་སྐུལ་འདེད་བཏང་ནས་རྣམ་པ་གསར་པ་ཟམ་མ་ཆད་པར་གཏོད་པའི་རྩ་འཛིན་གྱི་རང་བཞིན་ལྡན་པའི་ཡིག་ཆ་ཞིག་རེད།