འཚོལ་བཤེར།   
藏文频道
2015ལོའི་ཟླ་2ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།“ཤིན་ཅང་གི་ཡུལ་སྐོར་རྟགས་ཅན”མེ་འཁོར་པེ་ཅིང་དུ་ཐེངས་དང་པོར་བཏང་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 02ཚེས་04ཉིན། 11:05】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་1ཉིན་གྱི་ཆུ་ཚོད་13དང་སྐར་མ་6ལ་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཡུལ་སྐོར་ཅུས་ཀྱིས“ཤིན་ཅང་གི་ཡུལ་སྐོར་རྟགས་ཅན”ཞེས་བཏགས་པའི་ཝུའུ་ལུའུ་མུའུ་ཆི་ལྷོ་ཚུགས་ནས་པེ་ཅིང་དུ་སྐྱོད་པའི་ཐེངས་གྲངས་Z70མེ་འཁོར་ཝུའུ་ལུའུ་མུའུ་ཆི་བབས་ཚུགས་ནས་ཐོན་ཏེ་འགྲུལ་བཞུད་ཐེངས་དང་པོ་བྱས་པ་རེད། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཡུལ་སྐོར་ཅུས་ཏང་ཙུའི་ཧྲུའུ་ཅི་ལི་ཅི་ཏུང་གིས་ངོ་སྤྲོད་བྱས་པར་གཞིགས་ན། 2015ལོ་ནི“མཛེས་སྡུག་ལྡན་པའི་ཀྲུང་གོ—དར་གོས་ལམ་བུའི་ཡུལ་སྐོར་ལོ”ཡིན་པ་དང“ཤིན་ཅང་གི་ཡུལ་སྐོར་རྟགས་ཅན”མེ་འཁོར་གཏོང་བའི་དམིགས་ཡུལ་ནི་ཕྱོགས་མང་པོའི་ཐད་ནས་ཤིན་ཅང་ཡུལ་སྐོར་གྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་མངོན་པར་བྱས་ནས་ཤིན་ཅང་གི་ཡུལ་སྐོར་ཁྲོམ་ར་རྒྱ་ཆེར་བཏང་སྟེ་ཤིན་ཅང་ཡུལ་སྐོར་གྱི་སྤུས་རྟགས་དང་གཟུགས་བརྙན་ལེགས་སུ་གཏོང་རྒྱུ་དེ་རེད།
         ཤིན་ཅང་གི་ལྕགས་ལམ་འཛུགས་སྐྲུན་བྱེད་མགྱོགས་སུ་ཕྱིན་པ་དང་བསྟུན་ནས་མིག་སྔར་ཝུའུ་ལུའུ་མུའུ་ཆི་ལྕགས་ལམ་ཅུས་ཀྱིས་བཀོད་སྒྲིག་བྱས་པའི་མེ་འཁོར་གྲས་སུ་ཝུའུ་ལུའུ་མུའུ་ཆི་ལྷོ་ཚུགས་ནས་ཧ་སྨི་དང་། ཟི་ལིང་། ལན་ཀྲོའུ་བཅས་སུ་སྐྱོད་པའི་ཕྱོགས་གཉིས་ཁར་གཏོང་བའི་མྱུར་བགྲོད་མེ་འཁོར་6.5དང་། པེ་ཅིང་དང་། ཧྲང་ཧའེ། ཀོང་ཀྲོའུ། ཕུའུ་ཅན། ཧང་ཀྲོའུ། ཁུན་མིང་། ཁྲང་ཁྲུན་སོགས་སུ་གཏོང་བའི་ཤིན་ཅང་ནས་ཐོན་པའི་ཐད་གཏོང་འགྲུལ་སྐྱེལ་མེ་འཁོར་22ཡོད་པ་དང་། ཤིན་ཅང་ནང་ཁུལ་དུ“ཤིན་ཅང་བྱང་རྒྱུད་སྐར་མའི”གྲོང་ཁྱེར་དབར་གྱི་མེ་འཁོར་ཤར་གཏོང་ཐུབ་པ་བྱས་ཡོད་པ་དང་ཕྱོགས་བཞི་མཚམས་བརྒྱད་དུ་ཤར་བགྲོད་ཐུབ་པའི་ལམ་དྲ་དང་ལྗོངས་ནང་ཁུལ་གྱི་གྲོང་ཁྱེར་དུ་སྟབས་བདེའི་ལྕགས་ལམ་འགྲིམ་འགྲུལ་འབྲེལ་ལམ་བཙུགས་པ་དེས་ཤིན་ཅང་གི་ཡུལ་སྐོར་དང་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཤུགས་ཆེན་ཐེབས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།