འཚོལ་བཤེར།   
藏文频道
2015ལོའི་ཟླ་2ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།སང་ལོར་ཀྲུང་གོ་དང་རྒྱ་གར་གྱིས་ཕྱོགས་གཉིས་ཡུལ་སྐོར་སྤེལ་རེས་བྱེད་པར་མི་ཐེངས་
    ཁྲི་བརྒྱ་ལས་བརྒལ་རེ་ཡོད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 02ཚེས་04ཉིན། 10:04】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་2ཚེས་2ཉིན་རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་ལི་ཅིན་ཙའོ་ཡིས“རྒྱ་གར་ཡུལ་སྐོར་ལོའི”འགོ་ཚུགས་བྱེད་སྒོའི་ཐོག་2016ལོར་སླེབས་སྐབས་ཀྲུང་གོ་དང་རྒྱ་གར་གྱི་ཕྱོགས་གཉིས་ཡུལ་སྐོར་སྤེལ་རེས་མི་གྲངས་མི་ཐེངས་ཁྲི་བརྒྱ་ལས་བརྒལ་བའི་གདེང་ཚོད་ཡོད་ཅེས་བཤད་པ་རེད།
         ཀྲུང་གོ་དང་རྒྱ་གར་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པའི་དབར་གྱི་ཐུན་མོང་ངོས་འཛིན་ལ་གཞིགས་ན། 2015ལོར་ཀྲུང་གོར“རྒྱ་གར་ཡུལ་སྐོར་ལོའི”བྱེད་སྒོ་སྤེལ་བ་དང་2016ལོར་རྒྱ་གར་དུ“ཀྲུང་གོའི་ཡུལ་སྐོར་ལོའི”བྱེད་སྒོ་སྤེལ་རྒྱུ་ཡིན་པ་རེད། ལི་ཅིན་ཙའོ་ཡིས་དེ་ནི་ཕྱོགས་གཉིས་པོས་ཡུལ་སྐོར་སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་པའི་གོ་སྐབས་གལ་ཆེན་ཞིག་རེད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།