མི་དམངས་དྲ་བ།

༄༅།།ཞིས་ཅིན་ཕིང་གིས་ཨེ་ཁྭ་ཏོར་རྒྱལ་ཁབ་ཀྱི་ཙུང་ཐུང་དང་གྲོས་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་08ཉིན། 07:56】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

༄༅།།ཞིས་ཅིན་ཕིང་གིས་ཨེ་ཁྭ་ཏོར་རྒྱལ་ཁབ་ཀྱི་ཙུང་ཐུང་དང་གྲོས་མོལ་གནང་བ།

མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་7ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཨེ་ཁྭ་ཏོར་རྒྱལ་ཁབ་ཀྱི་ཙུང་ཐུང་ཁོ་ལའེ་ཡ་དང་གྲོས་མོལ་གནང་སྐབས། རྒྱལ་ཁབ་གཉིས་ཀྱི་དབུ་གཙོས་ཀྲུང་གོ་དང་ཨེ་ཁྭ་ཏོར་རྒྱལ་ཁབ་བར་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུ་གཏན་འཁེལ་བྱས་པ་རེད།
       ཞིས་ཅིན་ཕིང་གིས་ཀྲུང་ཨོའི་འབྲེལ་བ་འཕེལ་རྒྱས་གཏོང་བའི་ཐད་དགོས་འདུན་བཞི་བཏོན་ཡོད་པ་སྟེ། གཅིག  ཕན་ཚུན་ཡིད་ཆེས་ཀྱིས་རྒྱལ་ཁབ་གཉིས་ཀྱི་རྩ་བའི་ཁེ་ཕན་ལ་བསམ་ཤེས་དང་རྒྱབ་སྐྱོར་བྱས་ཏེ་ཐུན་མོང་ཐོག་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེ་རྒྱས་གཏོང་བའི་ཁ་ཕྱོགས་དམ་འཛིན་ཡག་པོ་བྱེད་དགོས། གཉིས། དངུལ་རྩ་མཉམ་ལས་ཀྱི་འདེགས་སྐྱོར་ནུས་པ་འདོན་སྤེལ་བྱས་ཏེ་ནུས་ཁུངས་དང་། གློག་ཤུགས། གཏེར་ཁུངས། རྨང་གཞིའི་སྒྲིག་བཀོད། ཞིང་ལས། ཚན་རྩལ་སོགས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། གསུམ། སྐབས་གསར་པའི་རིག་གནས་སྤེལ་རེས་འཆར་གཞི་ལག་བསྟར་བྱས་ཏེ་རྒྱལ་ཁབ་གཉིས་བར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་35འཁོར་བར་རྟེན་འབྲེལ་ཞུ་བའི་མུ་འབྲེལ་རིག་གནས་བྱེད་སྒོའི་ལས་དོན་རྣམས་ཡག་པོ་བསྒྲུབ་དགོས།