མི་དམངས་དྲ་བ།

༄༅།།ལོ་གསར་གྱི་ཟློས་གར་དགོང་ཚོགས་པེ་ཅིང་དུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་31ཉིན། 11:20】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་30ཉིན་གྱི་དགོང་མོར། 2015ལོའི་ལོ་གསར་གྱི་ཟློས་གར་དགོང་ཚོགས་རྒྱལ་ཁབ་ཟློས་གར་ཁང་ཆེ་མོར་འཚོགས། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཞིས་ཅིན་ཕིང་དང་། ལི་ཁེ་ཆང་། ཀྲང་ཏེ་ཅང་། ཡུས་ཀྲེང་ཧྲེང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལི་སོགས་ཀྱིས་རྒྱལ་སའི་ལས་རིགས་ཁག་གི་མང་ཚོགས་སྟོང་ལ་ཉེ་བ་དང་མཉམ་དུ་ཟློས་གར་འཁྲབ་སྟོན་ལ་གཟིགས་པ་རེད།