འཚོལ་བཤེར།   
藏文频道
2015ལོའི་ཟླ་1ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།༢༠༡༤ལོའི་ཟླ་༡༢པར་མི་༥༣༤༠ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་དང་
    འགལ་བའི་རྐྱེན་གྱིས་ཐག་གཅོད་བྱས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་07ཉིན། 14:42】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
            མི་དམངས་དྲ་བའི་འཕྲིན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལྟ་ཞིབ་པུའི་དྲ་ཚིགས་ཐོག་སྤྱི་ཚེས་5ཉིན་ཁྱབ་སྤེལ་བྱས་པའི་གྲངས་གཞི་ལས་གསལ་བར། སྤྱི་ལོ་2014ལོའི་ཟླ་12པར་རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་དང་རྒྱབ་འགལ་བྱས་པའི་གནད་དོན་ཁྱོན་4238རྩད་གཅོད་ཐུབ་པ་དང་། མི་5340ཐག་གཅོད་བྱས་ཡོད་པ། མི་2280ལ་ཏང་ཁྲིམས་སྲིད་ཁྲིམས་ཀྱི་ཆད་པ་བཅད་ཡོད་པ་རེད།
         སྤྱི་ཟླ་12པར་ཞིབ་བཤེར་ཐག་གཅོད་བྱས་པའི་གནད་དོན་རིགས་སུ། ལས་ཀའི་སྒྲིག་ཁྲིམས་ལས་འགལ་བའི་གྱོད་གཞི་2299དང་། གཞུང་དངུལ་དང་ལེན་ནམ་གཞུང་དངུལ་སྤྱད་དེ་མཛད་སྤྱོད་མཐོ་བའི་རོལ་རྩེད་དང་ལུས་སྦྱོང་བྱེད་སྒོའི་ནང་ཞུགས་པ་དང་ཐ་ཤལ་སྒྱིད་ལུག་སོགས་ཀྱི་གྱོད་གཞི་1025 གཏན་འབེབས་ལས་འགལ་ཏེ་གཞུང་གི་རླངས་འཁོར་བཏང་བའི་གྱོད་གཞི་321 གཉེན་སྟོན་དང་གཤིན་པོ་དུར་སྐྱེལ་སོགས་ཤུགས་ཆེན་བྱས་པའི་དོན་གཞི་213 དུས་ཆེན་གྱི་ལག་རྟགས་སྐྱེལ་ལེན་བྱས་པའི་དོན་གཞི་129 གཞུང་དངུལ་སྤྱད་ནས་ཡུལ་སྐོར་ལ་འགྲོ་བའི་དོན་གཞི་115 གཞུང་དངུལ་སྤྱད་དེ་རྒྱས་ཟ་རྒྱས་འཐུང་བྱེད་པའི་དོན་གཞི་113 ཚོགས་ཁང་དང་ཟ་ཁང་སོགས་གཏན་འབེབས་ལས་འགལ་བའི་གནད་དོན་23བཅས་ཡོད་པ་རེད།
         སྤྱི་ལོ་2014ལོའི་ཟླ་12པའི་ཟླ་མཇུག་བར་སླེབས་དུས། རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་77606ཞིབ་བཤེར་རྩད་གཅོད་ཐུབ་པ་དང་། མི་102168ཐག་གཅོད་བྱས་པ། མི་31338ལ་ཏང་ཁྲིམས་སྲིད་ཁྲིམས་ཀྱི་ཆད་པ་ཕོག་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།