འཚོལ་བཤེར།   
藏文频道
2015ལོའི་ཟླ་1ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་ཨར་སྐྲུན་ལས་རིགས་ཀྱི་ཞིང་བ་ལས་མི་བྱེ་བ་གསུམ་དང་ས་ཡ་དྲུག་ལྷག་ལས་
    རྨས་འགན་བཅོལ་ནང་བཞག་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་07ཉིན། 10:48】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
           མི་དམངས་དྲ་བའི་འཕྲིན། སྤྱི་ཚེས་༥ཉིན་གསར་འགོད་པས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་ཆར་བཏོན་པའི་ཨར་སྐྲུན་ལས་རིགས་ཀྱི་ལས་རྨས་འགན་བཅོལ་ལས་དོན་སྔར་ལས་ལེགས་པར་སྒྲུབ་པའི་སྐོར་གྱི་བསམ་འཆར་ཞེས་པའི་བླང་བྱ་ལྟར། རྒྱལ་ཡོངས་ཀྱི་ཨར་སྐྲུན་ལས་རིགས་ཀྱི་ཞིང་བ་ལས་མི་བྱེ་བ་གསུམ་དང་ས་ཡ་དྲུག་ལྷག་ལས་རྨས་འགན་བཅོལ་ནང་བཞག་པ་རེད། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡི་པུའུ་ཀྲང་གཞོན་པ་ཧུའུ་ཞའོ་ཡེ་ཡིས་ཨར་སྐྲུན་ལས་རིགས་ལ་མིག་སྔར་ལས་ཞུགས་མི་སྣ་བྱེ་བ་བཞི་དང་ས་ཡ་ལྔ་ཡོད་པ་དང་། དེའི་ནང་དུ་བྱེ་བ་གསུམ་དང་ས་ཡ་དྲུག་ནི་ཞིང་བ་ལས་མི་རེད། ཨར་སྐྲུན་ལས་རིགས་ལ་ལས་རྨས་བྱུང་བའི་ཉེན་ཁ་ཆེ་བ་དང་། ལས་རྨས་འགན་བཅོལ་ཐོབ་ཐང་ལག་བསྟར་བྱེད་དཀའ་པའི་གནད་དོན་མངོན་གསལ་དོད་པོ་ཡིན་པས། ལས་རྨས་དབང་ཆ་སྲུང་སྐྱོབ་བྱ་རྒྱུ་ནི་ཁྱབ་ཁོངས་འདིའི་ལས་རིགས་མི་སྣས་ཆེས་དོ་ཁུར་བྱེད་པ་དང་ཁ་ཚ་དགོས་གཏུག་ཏུ་གྱུར་བའི་གནད་དོན་གྲས་ཀྱི་གཅིག་རེད་ཅེས་གསུངས་ཡོད་པ་རེད།
           བསམ་འཆར་ནང་ལས་རྨས་འགན་བཅོལ་རིན་པ་བསྡུ་བའི་བྱེད་ཐབས་གསལ་བོ་བྱས་ཏེ་རིན་པའི་ཡོང་ཁུངས་འགན་སྲུང་བྱས་ཡོད་པ་སྟེ། རྣམ་གྲངས་ཀྱིས་སྡེ་ཚན་བྱས་ནས་འགན་བཅོལ་ནང་ཞུགས་པ་ལ་ཨར་སྐྲུན་དེའི་སྤྱིའི་རིན་ཐང་ལྟར་བསྡུར་ཚད་ངེས་ཅན་ཞིག་གི་ཐོག་ནས་ལས་རྨས་འགན་བཅོལ་གྱི་རིན་པ་སྤྲོད་དགོས་པ་དང་། འཛུགས་སྐྲུན་ལས་ཁུངས་ཀྱིས་ཨར་སྐྲུན་རགས་རྩིས་ནང་ལས་རྨས་འགན་བཅོལ་རིན་པ་ལོགས་སུ་འཇོག་དགོས་པ་མ་ཟད། ཨར་སྐྲུན་དེ་མ་ལས་གོང་ཨར་སྐྲུན་འགན་ལེན་ཁེ་ལས་ཀྱིས་ཐེངས་གཅིག་གི་ཐོག་ནས་སྤྲོད་དགོས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།