འཚོལ་བཤེར།   
藏文频道
2015ལོའི་ཟླ་1ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཨུ་ལྷན་གྱིས་ཧོ་ཀྲེན་ལེང་ནི“རླབས་ཆེའི་ཨོ་ལིམ་
    ཕིག་གི་སྐྱེ་བོ”ཞིག་རེད་ཅེས་བཤད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་07ཉིན། 10:15】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་4ཉིན་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཨུ་ལྷན་གྱིས་ཧོ་ཀྲེན་ལེང་ནི“རླབས་ཆེའི་ཨོ་ལིམ་ཕིག་གི་སྐྱེ་བོ”ཞིག་རེད་ཅེས་བཤད་པ་དང་ཁོང་གི་ཆེད་དུ་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཨུ་ལྷན་གྱི་ཀྲུའུ་ཞི་པ་ཧེས་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཨུ་ལྷན་གྱི་དར་ཆ་ཕྱེད་ཀ་ཉིན་3རིང་འབེབས་རྒྱུའི་བླང་བྱ་བཏོན་པ་རེད།
         རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཨུ་ལྷན་གྱི་མཚན་འཛིན་ཨུ་ཡོན་ཧོ་ཀྲེན་ལེང་སྙུན་གཞི་ཕོག་ནས་ཚེས་4ཉིན་གྱི་ཕྱི་དྲོར་པེ་ཅིང་དུ་གྲོངས་པ་དང་གྲོངས་སྐབས་དགུང་ལོ་85ཡིན་ཞིང་། རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཨུ་ལྷན་གྱིས་དེ་མ་ཐག་གསལ་བསྒྲགས་སྤེལ་ནས་སེམས་སྡུག་ཆེན་པོ་བྱེད་པ་མཚོན་པ་རེད།
         གསལ་བསྒྲགས་ནང“རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཀྱིས་ཧོ་ཀྲེན་ལེང་གི་ནང་མིར་སྙིང་དབུས་ནས་འཚམས་འདྲི་ཞུས་པ་དང་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཨུ་ལྷན་གྱི་ཀྲུའུ་ཞིས་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཨུ་ལྷན་གྱི་དར་ཆ་ཕྱེད་ཀ་བར་ཉིན་3རིང་ཕབ་ནས་རླབས་ཆེན་གྱི་ཨོ་ལིམ་ཕིག་གི་སྐྱེ་བོ་དེར་གུས་འདུད་ཞུ་དགོས་པའི་བླང་བྱ་བཏོན་ཡོད”ཅེས་བཤད་པ་རེད།
         གསལ་བསྒྲགས་ནང“མཚན་འཛིན་ཨུ་ཡོན་ཧོ་ཀྲེན་ལེང་གྲོངས་པ་ཤེས་རྗེས་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཨུ་ལྷན་སེམས་སྡུག་ཧ་ཅང་ཆེན་པོ་བྱུང”རྒྱལ་སྤྱིའི་ཨོ་་རྩལ་འགྲན་ཚོགས་ཨུ་ལྷན་གྱིས་ཧོ་ཀྲེན་ལེང་ནི“ཆེད་ལས་ཆབ་སྲིད་མཁས་ཅན”ཡིན་ཞེས་བརྗོད་པ་དང་ཁོང་གིས“ཀྲུང་གོའི་ཨོ་ལིམ་ཕིག་ལུས་རྩལ་སླར་གསོ་བྱེད་རོགས་བྱས་པ”དང་འབྲེལ“པེ་ཅིང་ལ་2008ལོའི་དབྱར་དུས་ཀྱི་ཨོ་རྩལ་འགྲན་ཚོགས་གཙོ་གཉེར་དབང་ཆ་ཐོབ་པར་རོགས་རམ་ཡང་བྱས་ཡོད”ཅེས་བཤད་པ་རེད།
         གསལ་བསྒྲགས་ནང་ཀྲུའུ་ཞི་པ་ཧེའི་སྐད་ཆ་དྲངས་ནས“ཧོ་ཀྲེན་ལེང་གིས་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་བརྒྱུད་ཁོང་གི་རྒྱལ་ཁབ་དང་། ཀྲུང་གོ་མི་དམངས་དང་དེ་བཞིན་དེའི་ཕུལ་དུ་བྱུང་བའི་རིག་གནས་དེ་བས་ཤེས་རྟོགས་ཐུབ་རྒྱུར་རོགས་རམ་བྱས་པ་དང་རྒྱལ་སྤྱིའི་ཨོ་ལིམ་ཕིག་ལུས་རྩལ་གྱི་ལྷག་བསམ་ཟོལ་མེད་ཀྱི་ཕོ་ཉའི་གྲས་ཤིག་མེད་པར་གྱུར་པ་རེད”ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།