འཚོལ་བཤེར།   
藏文频道
2015ལོའི་ཟླ་1ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།2015ལོར་ཀན་སུའུ་ཡིས“གྲོང་གསེབ་ཀྱི་གར་སྟེགས”3000གསར་འཛུགས་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་07ཉིན། 10:04】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
        མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ཉིན་ཤས་གོང་འཚོགས་པའི་ཀན་སུའུ་ཞིང་ཆེན་གྱི“གྲོང་གསེབ་ཀྱི་གར་སྟེགས”འཛུགས་སྐྱོང་སྐུལ་སྤེལ་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བ་ལྟར་ན། 2014ལོར་ཀན་སུའུ་ཞིང་ཆེན་གྱིས་རིམ་རྩིས་བྱས་ན“གྲོང་གསེབ་ཀྱི་གར་སྟེགས”6625བསྐྲུན་པ་དང་2015ལོར་དེའི་རྨང་གཞིའི་ཐོག་ཀན་སུའུ་ཞིང་ཆེན་གྱིས“གྲོང་གསེབ་ཀྱི་གར་སྟེགས”3000བསྐྲུན་རྒྱུ་ཡིན་པ་རེད།
         གནམ་ལོ་གསར་ཚེས་སུ་ཀན་སུའུ་ཞིང་ཆེན་ཅིང་ཁྲོན་རྫོང་ཀའོ་ཕིང་གྲོང་རྡལ་གྱི་སན་ཧྲི་ལི་ཕུའུ་གྲོང་ཚོར་ལོ་55ལ་སླེབས་པའི་གྲོང་མི་ཧྲི་ཡན་ཕིང་གིས་ཞོགས་པ་སྔ་པོ་ལངས་ནས་ཁོང་གི་བཟའ་ཟླ་དང་མཉམ་དུ་གྲོང་ཚོའི“རིག་གནས་འདུ་འཛོམས་ཆེན་པོར”ལྟ་བར་བསྐྱོད།
         ཉིན་དགུང་གི་ཆུ་ཚོད་12ཙམ་ལ་དགའ་སྤྲོའི་རྔ་དང་འཁར་རྔའི་སྒྲ་གྲགས་པ་དང་ཕྱོགས་བཞི་མཚམས་བརྒྱད་ནས་དེ་གར་ཡོང་མཁན་གྱིས་རྒྱ་ཁྱོན་ལན་ཆིའུ་སྤོ་ལོ་རྒྱག་ཐང་གསུམ་ཙམ་ཡོད་པའི་རིག་གནས་ཐང་ཆེན་ཡོངས་སུ་ཁེངས། གྲོང་མིས་འཁྲབ་སྦྱོང་བྱས་པའི་ཟོམ་རྔ་ཞབས་བྲོ་རུ་ཁག་དང་དབྱང་ཀོར་ཞབས་བྲོ་རུ་ཁག་གིས་མི་ཚོགས་ཁྲོད་འཁྲབ་སྟོན་བྱས་པར་ཐལ་མོའི་རྡེབ་སྒྲ་ཡང་ཡང་གྲགས་པ་དང་དགའ་འབོད་ཀྱང་བྱས་པ་རེད། རྫོང་ཐད་གཏོགས་སྡེ་ཚན་གྱིས་བདེ་ཐང་གི་འོས་འགན་སྨན་བཅོས་དང་། ཡིག་གཟུགས་འབུལ་བ། ཞིང་ལས་ལག་རྩལ་གསོ་སྦྱོང་སོགས་ཀྱི་བྱེད་སྒོའི་སྟེགས་བུ་བཙུགས་པ་དེའི་མཐའ་སྐོར་དུ་མང་ཚོགས་ཀྱིས་བསྐོར་ནས་བསྡད་ཡོད་པ་རེད།
         སན་ཧྲི་ལི་ཕུའུ་གྲོང་ཚོའི“གྲོང་གསེབ་ཀྱི་གར་སྟེགས”ཐོག་ཅིང་ཁྲོན་རྫོང་ཤིས་ཝང་མུའུ་སྒྱུ་རྩལ་ཀུང་སིས་འཁྲབ་པའི་ཆིན་ཆང་ཁྲང་ཞིས་ཧྲི་ཡན་ཕིང་སོགས་ཁྲང་ཞིར་དབྱིངས་ཞུགས་མཁན་ཚོའི་ཡིད་དབང་འཕྲོག་པ་རེད། དེ་རྗེས་ཞིང་པའི་ལུས་རྩལ་འགྲན་ཚོགས་ཀྱང་འགོ་བཙུགས་པ་དང་ཐག་འཐེན་དང་། ལན་ཆིའུ་སྤོ་ལོ། མིག་མངས། ཡིག་གཟུགས། རྔ་རྡུང་། ཞབས་བྲོ་དབྱང་ཀོར་འཁྲབ་པ་སོགས་ཀྱི་འགྲན་བསྡུར་བྱས་ནས་སན་ཧྲི་ལི་ཕུའུ་གྲོང་ཚོའི་རིག་གནས་ཐང་ཆེན་དུ་རྦ་རླབས་འཕྱུར་བ་ལྟར་ཡོད་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། 2014ལོར་ཀན་སུའུ་ཞིང་ཆེན་གྱིས་ཁྱོན་མ་དངུལ་སྒོར་དུང་ཕྱུར་16.88བཏང་ནས“གྲོང་གསེབ་ཀྱི་གར་སྟེགས”སྐྲུན་པའི་ནང“གྲོང་གསེབ་ཀྱི་གར་སྟེགས”འཛུགས་སྐྲུན་གྱི་ཚོད་ལྟའི་ལས་འགན་ཁག་1228སྤྲད་པ་དང་དུས་མཚམས་ལས་འགན་ཁག་5095ཁྱབ་གདལ་བཏང་ཞིང་། མིག་སྔར་ཞིང་ཆེན་ཡོངས་ཀྱིས་དོན་དངོས་ཐོག་ཚོད་ལྟ་དང་ཁྱབ་གདལ་འཛུགས་སྐྲུན་གྱི་ལས་འགན་ཁག་6625ལེགས་སྒྲུབ་བྱས་ནས་4.78%ཚད་བརྒལ་ལེགས་སྒྲུབ་བྱས་པ་རེད། དེའི་ནང་ཅ་ཡུས་ཀོན་གྲོང་ཁྱེར་གྱི“གྲོང་གསེབ་ཀྱི་གར་སྟེགས”ཁྱོན་ཡོངས་ནས་བསྐྲུན་ཟིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།