འཚོལ་བཤེར།   
藏文频道
2015ལོའི་ཟླ་1ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ཧྲན་ཏུང་གིས་སྣོད་བཅུད་ཁོར་ཡུག་ལ་གཏོར་བཤིག་བཏང་བའི་གྱོད་གཞི་990རྩད་ཆོད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་07ཉིན། 10:06】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པར་ཧྲན་ཏུང་ཞིང་ཆེན་སྤྱི་བདེ་ཐིང་ནས་ཤེས་རྟོགས་བྱུང་བ་ལྟར་ན། 2014ལོ་ནས་བཟུང་། ཧྲན་ཏུང་ཞིང་ཆེན་སྤྱི་བདེ་ལས་ཁུངས་ཀྱིས་སྣོད་བཅུད་ཁོར་ཡུག་ལ་གཏོར་བཤིག་བཏང་བའི་གྱོད་གཞི་990རྩད་ཆོད་དེ་ཉེས་གསོག་དོགས་ཅན་1581འཛིན་བཟུང་བྱས་པ་ནི་རྒྱལ་ཡོངས་ནས་སྣོད་བཅུད་ཁོར་ཡུག་ལ་གཏོར་བཤིག་བཏང་བའི་གྱོད་གཞི་རྩད་ཆོད་མང་ཤོས་ཀྱི་ཞིང་ཆེན་གྲས་ཤིག་ཡིན་པ་རེད།
         2014ལོའི་ཟླ་2པ་ནས་བཟུང་། ཧྲན་ཏུང་ཞིང་ཆེན་སྤྱི་བདེ་ཐིང་དང་ཁོར་ཡུག་སྲུང་སྐྱོང་ཐིང་གིས་དུས་ཡུན་ཟླ་3ཡིན་པའི་རླུང་ཁམས་ཆེ་མོའི་སྦགས་བཙོག་ཡོངས་ཁུངས་ཀྱི་རང་འགུལ་སྡིགས་སོ་སྤྲོས་ཆས་ལ་གཏོར་བཤིག་གཏོང་མཁན་བཅོས་སྒྲིག་བྱེད་པའི་ཆེད་དོན་བྱ་སྤྱོད་སྤེལ་རིང་། མི་ཐེངས་1276བཏང་སྟེ་མཉམ་འགུལ་ཁྲིམས་འཛིན་བྱས་པར་ཁྲིམས་འགལ་ཁེ་ལས་112ཞིབ་བཤེར་ཐག་གཅོད་དང་ཁེ་ལས་ཀྱི་འགན་འཁུར་བ་26སྲིད་འཛིན་བཀག་ཉར་བྱས་པ་རེད། 2014ལོའི་ཟླ་10པར་ཧྲན་ཏུང་ཞིང་ཆེན་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་འགལ་ངང་ཉེན་ཡོད་ཟོག་རོ་ཐག་གཅོད་ཀྱི་ཉེས་གསོག་ལ་གཅིག་སྡུད་ཐོག་རྡུང་རྡེག་གཏོང་བའི་ཆེད་དོན་བྱ་སྤྱོད་སྤེལ་ཏེ་ཁྲིམས་འགལ་ངང་ཉེན་ཡོད་ཟོག་རོ་ཐག་གཅོད་ཀྱི་ཉེས་དོན་གྱོད་གཞི་132རྩད་ཆོད་ནས་ཉེས་གསོག་དོགས་ཅན་187བཟུང་ཡོད། བསྡོམས་རྩིས་ལྟར་ན། ཧྲན་ཏུང་ཞིང་ཆེན་གྱིས་རྩད་ཆོད་པའི་སྣོད་བཅུད་ཁོར་ཡུག་གཏོར་བཤིག་གི་གྱོད་གཞི་990ཁྲོད་ཁྲིམས་འགལ་ངང་ཉེན་ཡོད་ཟོག་རོ་འབུད་པ་དང་གཤོས་པའི་གྱོད་གཞི་601ཐག་གཅོད་བྱས་པ་དེས་གྱོད་གཞི་ཡོངས་ཀྱི་60.7%བཟུང་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།