འཚོལ་བཤེར།   
藏文频道
2015ལོའི་ཟླ་1ཚེས་8ཉིན།
  • མི་དམངས་དྲ་བ།>>རྒྱལ་ནང་གསར་འགྱུར།

    ༄༅༎ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་འགལ་བའི་དཔེ་མཚོན་གྱོད་གཞི་
    ༡༥༧བརྡ་ཁྱབ་བཏང་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་07ཉིན། 09:25】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
          མི་དམངས་དྲ་བའི་འཕྲིན། ཀྲུང་དབྱང་སྒྲིག་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་པུའི་དྲ་ཚིགས་ཐོག་སྤྱི་ཚེས་༦ཉིན་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་དཔེ་མཚོན་གྱོད་གཞི༡༥༧བརྡ་ཁྱབ་བཏང་ཡོད། གྱོད་གཞི་དེ་དག་ནི་སྤྱི་ལོ་༢༠༡༤ལོའི་ཟླ་བ་བཅུ་གཉིས་པའི་ཚེས༢༩ཉིན་ནས་སྤྱི་ལོ༢༠༡༥ལོའི་ཟླ་བ་དང་པོའི་ཚེས་༤ཉིན་བར་རིམ་ཁག་སྒྲིག་བཤེར་དང་ལྟ་ཞིབ་ལས་ཁུངས་ནས་ཞིབ་བཤེར་ཐག་གཅོད་བྱས་པ་ཞིག་ཡིན་ལ། དྲ་ཚིགས་དེས་ཉེ་དུས་གཟའ་འཁོར་གཉིས་པར་བསྟུད་མར་གཅིག་སྡུད་ཐོག་འབྲེལ་ཡོད་གྱོད་གཞི་བརྡ་ཁྱབ་བཏང་བ་ཞིག་ཡིན།
           གྱོད་གཞི་དེ་དག་ནི་གཙོ་བོ་སྒྲིག་སྲོལ་ལས་འགལ་ནས་དངུལ་བླངས་པ་དང་། གཞུང་དངུལ་བཏང་ནས་ཡུལ་སྐོར་དུ་བསྐྱོད་པ། གཞུང་དངུལ་བཏང་ནས་ལག་རྟགས་སྤྲད་པ། སྒྲིག་སྲོལ་ལས་འགལ་བའི་ངང་དངོས་ཟོག་ཉོ་བྱེད་ཀྱི་ཁཱ་ཤོག་ཉོས་པའམ་སྤྲད་པ་ཡང་ན་ལེན་པ། གཉེན་སྒྲིག་དང་། དུར་འཇུག དགའ་སྟོན་རྟེན་འབྲེལ་གྲ་རྒྱས་པོ་གཉེར་བ། གཞུང་དངུལ་བཏང་ནས་རྒྱས་ཟ་རྒྱས་འཐུང་བྱས་པ། གཞུང་གི་རླངས་འཁོར་སྒེར་སྤྱོད་བྱས་པ། སྒྲིག་སྲོལ་ལས་འགལ་བའི་སྒོ་ནས་ཕན་བདེ་སྤྲད་པ། ལས་ཀའི་སྒྲིག་སྲོལ་ལས་འགལ་བ་སོགས་ཀྱི་གནད་དོན་དང་འབྲེལ་བ་ཡོད་པ་རེད།
           སྤྱི་ལོའི་ལོ་གསར་དང་དཔྱིད་གསར་དུས་ཆེན་སླེབས་ཉེར་ཡོད་པའི་སྐབས་འདིར་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། སྲོལ་ངན་བཞིའི་གནད་དོན་བསྐྱར་དུ་མི་ཐོན་པ་བྱེད་པ། གཞུང་དངུལ་བཏང་ནས་རྟེན་འབྲེལ་ཁཱ་ཤོག་དང་། ལོ་ཟོག་དང་དུས་ཆེན་གྱི་ལག་རྟགས་ཉོ་བ་སོགས་ཚུལ་མིན་སྤྱོད་ཚུལ་གཏན་འགོག་བྱ་ཆེད། ཀྲུང་དབྱང་སྒྲིག་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་པུའི་དྲ་ཚིགས་ཐོག་ཉེ་དུས་སྲོལ་ངན་བཞིའི་གནད་དོན་ལ་ལྟ་སྐུལ་དང་ཐེར་འདོན་བྱེད་ས་བཙུགས་པ་དང་། རྒྱ་ཆེའི་དྲ་གྲོགས་རྣམ་པས་གཞུང་དངུལ་བཏང་ནས་རྟེན་འབྲེལ་ཁཱ་ཤོག་དང་ལོ་ཟོག་དང་དུས་ཆེན་གྱི་ལག་རྟགས་ཉོས་པ་དང་སྤྲོད་པ་སོགས་ཚུལ་མིན་སྤྱོད་ཚུལ་ལ་ལྟ་སྐུལ་དང་ཐེར་འདོན་བྱ་རྒྱུའི་དགའ་བསུ་ཞུ་རྒྱུ་དང་། དུས་མཚུངས་སུ་གཟའ་འཁོར་རེར་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གྱོད་གཞི་མིང་བཏོན་བརྡ་ཁྱབ་བྱ་རྒྱུ་ཡིན་པ་རེད། གཟའ་འཁོར་གོང་མར་དྲ་ཚིགས་དེའི་ཐོག་གྱོད་གཞི་༡༥༥ཁྱབ་བསྒྲགས་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།