འཚོལ་བཤེར།   
藏文频道
2015ལོའི་ཟླ་1ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་ས་མཐོའི་སྣོད་བཅུད་མ་ལག་སྤྱི་ཡོངས་ནས་ཇེ་ལེགས་སུ་འགྲོ་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་07ཉིན། 09:19】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།བོད་ལྗོངས་ཀྱི་ས་མཐོའི་སྣོད་བཅུད་མ་ལག་སྤྱི་ཡོངས་ནས་ཇེ་ལེགས་སུ་འགྲོ་བ།
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་4ཉིན་བོད་ལྗོངས་ཀྱིས་ས་མཐོའི་ཁོར་ཡུག་གི་ཚན་རིག་དང་མཐུན་པའི་དཔྱད་དཔོག་སྙན་ཞུ་གསར་ཤོས་ཡོངས་བསྒྲགས་བྱས་པ་དང་། གནམ་གཤིས་དང་། ཆུ། སྐམ་སའི་ཁོར་ཡུག་སོགས་ཕྱོགས་དྲུག་ནས་འདས་ཟིན་པའི་2000ལོ་ནས་འབྱུང་འགྱུར་གྱི་ལོ་ངོ་100རིང་གི་ས་མཐོའི་ཁོར་ཡུག་འགྱུར་ལྡོག་ལ་ཕྱོགས་བསྡུས་དཔྱད་དཔོག་བྱས་པ་རེད།
        ཉེ་བའི་ལོ་ཤས་རིང་རྒྱལ་ཁབ་ཀྱིས་ལོ་ལྟར་བོད་ལྗོངས་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྲུན་ཐད་མ་དངུལ་སྒོར་དུང་ཕྱུར་100ལྷག་ཙམ་བཏང་ཡོད། མིག་སྔར་བོད་ལྗོངས་སུ་རིགས་མི་གཅིག་པའི་རང་བྱུང་སྲུང་སྐྱོང་ཁུལ་47བསྐྲུན་ཡོད་པ་དང་། དེའི་ཁྲོད་འདམ་རའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་རྒྱ་ཁྱོན་སྤྱི་ཆིང་ཁྲི་430.80ཟིན་པ་དེས་བོད་རང་སྐྱོང་ལྗོངས་ཡོངས་ཀྱི་རང་བྱུང་འདམ་རའི་གསུམ་ཆ་གཉིས་བཟུང་ཡོད། གཙོད་དང་། འབྲོང་། ཁྲུང་ཁྲུང་སྐེ་ནག་སོགས་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་གི་རྩ་ཆེའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་རིགས་125དང་བོད་ལྗོངས་ཀྱི་ཐུན་མོང་མ་ཡིན་པའི་རྩི་ཤིང་རིགས་1200ལ་སྲུང་སྐྱོང་ནུས་ལྡན་ཐུབ་པ་དང་། གཙང་ཆུ་དང་མཚེའུ་ཡི་ཆུ་སྤུས་ལེགས་པ། ས་རྒྱུའི་སྤུས་ཚད་སྤྱི་ཡོངས་ནས་ལེགས་པ་བཅས་ཡིན་པ་དེ་ནི་ལྷོ་སྣེ་དང་བྱང་སྣེ་ཕུད་པའི་སའི་གོ་ལའི་སྟེང་གི་གཙང་ཤོས་ཀྱི་ས་ཁུལ་གྲས་ཤིག་ཡིན།
    ༄༅།།བོད་ལྗོངས་ཀྱི་ས་མཐོའི་སྣོད་བཅུད་མ་ལག་སྤྱི་ཡོངས་ནས་ཇེ་ལེགས་སུ་འགྲོ་བ།
      

    ཕྱོགས་བསྡུས་གསར་འགྱུར།