འཚོལ་བཤེར།   
藏文频道
2015ལོའི་ཟླ་1ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།2014ལོར་རྒྱལ་ཡོངས་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་
    དོན་དང་འགལ་བའི་གནད་དོན་53085ཞིབ་གཅོད་བྱས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་07ཉིན། 08:39】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་5ཉིན་ཀྲུང་དབྱང་སྒྲིག་ཨུད་ལྟ་ཞིབ་པུའི་དྲ་ཚིགས་སུ་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལྟར་ན། 2014ལོའི་ཟླ་12པར་རྒྱལ་ཡོངས་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་རྒྱབ་འགལ་བྱས་པའི་གནད་དོན་4238ཞིབ་གཅོད་བྱས་པ་དང་། མི་སྣ་5340ཐག་གཅོད་བྱས་པ། མི་2280ལ་ཏང་སྲིད་སྒྲིག་ལམ་གྱི་ཆད་པ་བཅད་པ་རེད།
         རྒྱལ་ཡོངས་ཀྱི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཚུལ་ཁོང་དུ་ཆུད་པ་བྱ་ཆེད་ཀྲུང་དབྱང་སྒྲིག་ཨུད་ཀྱིས་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་31དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་59ལ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱས་ཚུལ་གྱི་ཟླ་རེའི་སྙན་ཞུའི་ལམ་ལུགས་བཙུགས་པ་རེད། 2014ལོའི་ཟླ་1པོ་ནས་ཟླ་12བར་རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་རྒྱབ་འགལ་བྱས་པའི་གནད་དོན་53085ཞིབ་གཅོད་བྱས་པ་དང་། ཏང་ཡོན་ལས་བྱེད་པ་71748ཞིབ་གཅོད་བྱས་པའི་ནང་མི་23646ལ་ཏང་སྲིད་སྒྲིག་ལམ་གྱི་ཆད་པ་བཅད། 2014ལོའི་ཟླ་12ཚེས་31ཉིན་བར་རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་རྒྱབ་འགལ་བྱས་པའི་གནད་དོན་77606ཞིབ་གཅོད་བྱས་པ་དང་། མི་102168ཐག་གཅོད་བྱས་པ། མི་31338ལ་ཏང་སྲིད་སྒྲིག་ལམ་གྱི་ཆད་པ་བཅད་པ་རེད།
         དེའི་ནང་འདི་ལོའི་ཟླ་12པར་ཞིབ་བཤེར་ཐག་གཅོད་ཐུབ་པའི་གནད་དོན་4238དང་། ལས་ཀའི་སྒྲིག་ལམ་ལས་འགལ་བའི་གནད་དོན་2299  གཞུང་དངུལ་སྤྱད་དེ་འཛད་སྤྱོད་མཐོ་བའི་རོལ་རྩེད་དང་ལུས་སྦྱོང་བྱེད་སྒོ་སྤེལ་བའམ་ཡང་ན་དང་ལེན་ཞུས་པ་དང་། ཏན་ཏིག་མེད་པ་དང་། སྒྱིད་ལུག  རྣམ་གཡེང་སོགས་ཀྱི་གནད་དོན་1025   སྒྲིག་འགལ་ངང་གཞུང་འཁོར་བཀོད་སྒྲིག་དང་བེད་སྤྱོད་བཏང་བའི་གནད་དོན་321  གཉེན་སྟོན་འདས་མཆོད་རྒྱས་སྤྲོས་རྒྱས་གཤོམ་བྱས་པའི་གནད་དོན་213  གཞུང་དངུལ་སྤྱད་དེ་ཡུལ་སྐོར་བྱས་པའི་གནད་དོན་115  དུས་ཆེན་གྱི་ལག་རྟགས་ལེན་སྤྲོད་བྱས་པའི་གནད་དོན་129  གཞུང་དངུལ་སྤྱད་དེ་རྒྱས་ཟ་རྒྱས་འཐུང་བྱས་པའི་གནད་དོན་113  ཐོག་ཁང་། ཚོགས་ཁང་། འགྲུལ་ཁང་། སྣེ་ལེན་ཁང་བཅས་སྒྲིག་འགལ་ངང་བསྐྲུན་པའི་གནད་དོན་23བཅས་ཚུད་ཡོད། ཟླ་12ཁོ་ནར་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་འགལ་ནས་ཏང་སྲིད་སྒྲིག་ལམ་གྱི་ཆད་པ་ཕོག་པའི་ལས་བྱེད་པའི་ནང་ས་ཁུལ་དང་ཐིང་རིམ་པའི་མི་7དང་རྫོང་དང་ཁྲུའུ་རིམ་པའི་མི་87ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།