འཚོལ་བཤེར།   
藏文频道
2015ལོའི་ཟླ་1ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་རང་བྱུང་ནགས་ཚལ་ཚང་མ་སྲུང་སྐྱོང་ཁྱབ་ཁོངས་ནང་འཇོག་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་07ཉིན། 08:38】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
            མི་དམངས་དྲ་བའི་འཕྲིན། ཉེ་ཆར་རྒྱལ་ཁབ་ནགས་ལས་ཅུས་ཀྱིས་རྒྱལ་ཡོངས་ནགས་ལས་ཐིང་གི་ཐིང་ཀྲང་ཅུས་ཀྲང་ཚོགས་འདུ་འཚོགས་ནས་རང་རྒྱལ་གྱིས་རང་བྱུང་ནགས་ཚལ་ཚང་མ་སྲུང་སྐྱོང་ཁྱབ་ཁོངས་ནང་བཞག་སྟེ་ཕྱོགས་གསུམ་གྱི་ཐོག་ནས་རང་བྱུང་ནགས་ཚལ་གཅོད་པའི་བྱེད་སྤྱོད་གཏན་འགོག་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།
          རྒྱལ་ཁབ་ནགས་ལས་ཅུས་ཀྱི་བསྡོམས་རྩིས་གྲངས་གཞི་ལས་མངོན་པར། འདས་ཟིན་པའི་ལོ་60ལྷག་ཙམ་རིང་རྒྱལ་ཡོངས་ཀྱི་རང་བྱུང་ནགས་ཚལ་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་110ཙམ་བཅད་ཟིན་ཡོད། རང་བྱུང་ནགས་ཚལ་སྲུང་སྐྱོང་གི་དུས་ཐེངས་དང་པོའི་ལས་གྲྭ་ལག་བསྟར་བྱས་ཚུན་འབྲི་ཆུའི་སྟོད་རྒྱུད་དང་རྨ་ཆུའི་དབུས་སྟོད་རྒྱུད་ཁུལ་གྱི་རང་བྱུང་ནགས་ཚལ་གཅོད་མཚམས་བཞག་པ་དང་། བྱང་ཤར་དང་ནང་སོག་སོགས་གཙོ་གནད་གཞུང་ཁོངས་ནགས་ཁུལ་གྱི་རང་བྱུང་ནགས་ཚལ་གཅོད་ཚད་ཉུང་དུ་ཕྱིན་པ་མ་ཟད། ལས་གྲྭའི་ཁུལ་ནང་རང་བྱུང་ནགས་ཚལ་གཅོད་ཚད་སྨི་རྒྱ་དཔངས་གྲུ་བཞི་ཁྲི་1760ཉུང་དུ་ཕྱིན་ཏེ་རིམ་རྩིས་བྱས་ན་རང་བྱུང་ནགས་ཚལ་ཐོན་ཁུངས་ཟད་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་4.25ཉུང་དུ་ཕྱིན་ཡོད། རང་བྱུང་ནགས་ཚལ་སྲུང་སྐྱོང་གི་དུས་ཐེངས་གཉིས་པའི་ལོར་ཤིང་གཅོད་ཚད་དེ་དུས་ཐེངས་དང་པོའི་སྨི་རྒྱ་དཔངས་གྲུ་བཞི་ཁྲི་1094ནས་སྨི་རྒྱ་དཔངས་གྲུ་བཞི་ཁྲི་402བར་ཉུང་དུ་ཕྱིན་ཡོད། ན་ནིང་ཟླ་བཞི་པར་རྒྱལ་ཁབ་ཀྱིས་ཧེ་ལུང་ཅང་གཙོ་གནད་གཞུང་ཁོངས་ནགས་ཁུལ་དུ་རང་བྱུང་ནགས་ཚལ་གཅོད་མཚམས་འཇོག་རྒྱུའི་ཚོད་ལྟའི་ལས་དོན་སྤེལ་བ་དང་། མིག་སྔར་རང་བྱུང་སྲུང་སྐྱོང་འདུ་འགོད་ཁུལ་གྱི་རང་བྱུང་ནགས་ཚལ་གཅོད་ཚད་སྨི་རྒྱ་དཔངས་གྲུ་བཞི་ཁྲི་256ཙམ་ལས་ཟིན་གྱི་མེད་མོད། འོན་ཀྱང་རྒྱལ་ཡོངས་ཀྱི་རང་བྱུང་ནགས་ཚལ་གཅོད་ཚད་སྔར་བཞིན་སྨི་རྒྱ་དཔངས་གྲུ་བཞི་ཁྲི་4994ཟིན་ཡོད་པ་རེད།
           ཀྲའོ་ཧྲུའུ་ཚུང་གིས་སླད་ཕྱིན་རང་རྒྱལ་གྱིས་བྱེད་ཐབས་གསུམ་གྱི་ཐོག་ནས་རང་བྱུང་ནགས་ཚལ་གཅོད་རྒྱུ་སྒོ་ཀུན་ནས་མཚམས་འཇོག་བྱ་རྒྱུ་སྟེ། གཅིག་ནི་བྱང་ཤར་དང་ནང་སོག་གི་གཙོ་གནད་གཞུང་ཁོངས་ནགས་ཁུལ་དུ་ཤིང་གཅོད་མཚམས་འཇོག་པའི་ཚོད་ལྟའི་ལས་དོན་རྒྱ་ཆེར་གཏོང་རྒྱུ་དང་། གཉིས་ནི་ཚོད་ལྟའི་ལས་དོན་ལ་ཐོབ་པའི་ཉམས་མྱོང་གི་རྨང་གཞིའི་ཐོག་གཞུང་ཁོངས་ནགས་ར་དང་གཞུང་ཁོངས་ནགས་ཁུལ་གཞན་དུ་རང་བྱུང་ནགས་ཚལ་གཅོད་མཚམས་འཇོག་རྒྱུ། གསུམ་ནི་ཕྱོགས་ཡོངས་ནས་རང་བྱུང་ནགས་ཚལ་གཅོད་མཚམས་འཇོག་རྒྱུ་བཅས་ཡིན།
      

    ཕྱོགས་བསྡུས་གསར་འགྱུར།