འཚོལ་བཤེར།   
藏文频道
2015ལོའི་ཟླ་1ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ཀན་ལྷོ་གཙོད་གྲོང་ཁྱེར་གྱིས་གཉིས་འབྲེལ་དངུལ་བུན་སྒོར་དུང་ཕྱུར་བཏང་སྟེ་དམངས་ལ་
    ཕན་བཏགས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་07ཉིན། 08:32】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
             ༼ ཀན་སུའུ་ཉིན་རེའི་ཚགས་པར་ ༽ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། “དེ་རིང་ངས་དངུལ་བུན་སྒོར་ཁྲི་5གཡར་ཐུབ་བྱུང་བས་དངུལ་དེ་དག་སྤྱད་དེ་གསོ་ཚགས་ལས་ལ་གཞོལ་རྩིས་ཡོད”ཅེས་གཙོད་གྲོང་ཁྱེར་ཁ་གྱ་སྨད་ཤང་ཤིང་ལྕེ་གྲོང་ཚོའི་མང་ཚོགས་མཱ་ཀ་ཝུའུ་ཡིས་དགའ་ཚོར་ཆེན་པོས་དེ་ལྟར་བཤད། ཉིན་ཤས་གོང་ཁ་གྱ་སྨད་ཤང་སྲིད་གཞུང་གི་སྒོ་རའི་ནང་གཉིས་འབྲེལ་ཞིང་ཕན་དངུལ་བུན་གཡར་བར་ཡོང་་མཁན་ཞིང་འབྲོག་པ་མང་པོ་འདུས་པ་ཚང་མའི་གདོང་ལས་དགའ་བའི་འཛུམ་མདངས་འཕྱུར། མཱ་ཀ་ཝུའུ་ཤང་སྲིད་གཞུང་དུ་ཨང་དང་པོར་སླེབས་ཅིང་། ནམ་ལངས་མ་ཐག་ཁོང་གིས་ཤང་སྲིད་གཞུང་དུ་ཡོང་སྟེ་གཉིས་འབྲེལ་ཞིང་ཕན་དངུལ་བུན་གཡར་རྒྱུ་སྒུག་ནས་བསྡད།“དངུལ་དེ་དག་རག་ན་ངས་གསོ་ཚགས་ར་བའི་གཞི་ཁྱོན་ཆེ་རུ་གཏོང་རྩིས་ཡོད”ཅེས་མཱ་ཀ་ཝུའུ་ཡིས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་རྒྱུར་རེ་སྨོན་བྱེད་བཞིན་དུ་བཤད།
           ཉེ་བའི་ལོ་ཤས་རིང་། གཙོད་གྲོང་ཁྱེར་གྱིས་ཕྱོགས་མང་པོ་དང་མཐུན་སྦྱོར་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་ཞིང་འབྲོག་པའི་དུད་ཚང་215ལ་གཉིས་འབྲེལ་ཞིང་ཕན་དངུལ་བུན་སྒོར་ཁྲི་1063རག་ཐབས་བྱས་ཡོད། མང་ཚོགས་ལ་སྟབས་བདེ་ཡོང་ཆེད་དངུལ་ཁང་གི་ལས་དོན་པས་སྒོ་རྩར་བསྐྱོད་དེ་དངུལ་བུན་གཏོང་བའི་ཆ་རྐྱེན་འཛོམས་པ་དང་། རང་བརྟེན་ལས་གཏོད་ཀྱི་བསམ་པ་ཡོད་པ། བུན་འཇལ་གྱི་ནུས་པ་ལྡན་པ་བཅས་ཀྱི་ཞིང་འབྲོག་དུད་ཚང་གཏན་འཁེལ་བྱས་རྗེས་དངུལ་བུན་གཡར་རྒྱུའི་གན་རྒྱ་བཞག་ནས་དངུལ་བུན་གྱི་ལས་སྒོ་གཉེར་བས་ཞིང་འབྲོག་མང་ཚོགས་ཐག་རིང་པོར་འགྲོ་མ་དགོས་པར་སྒོ་རྩ་ནས་འབྲེལ་ཡོད་ཀྱི་ལག་ཁྱེར་འཁྱེར་ཡོང་ཚེ་དངུལ་བུན་གཡར་བའི་འགྲོ་ལུགས་གཉེར་ཆོག་གི་ཡོད།
           ཤེས་རྟོགས་བྱུང་བར་གཞིགས་ན། 2012ལོ་ནས་བཟུང་། གཙོད་གྲོང་ཁྱེར་གྱིས་གྲོང་ཁྱེར་དེ་ཡོངས་ཀྱི་ཞིང་འབྲོག་པའི་དུད་ཚང་2261ལ་གཉིས་འབྲེལ་ཞིང་ཕན་དངུལ་བུན་སྒོར་དུང་ཕྱུར་1.07གཡར་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།