འཚོལ་བཤེར།   
藏文频道
2015ལོའི་ཟླ་1ཚེས་7ཉིན།
  • མི་དམངས་དྲ་བ།>>འཕྲིན་གསར་གཡུ་ཡི་མེ་ལོང་།

    ༄༅།།ཕྱི་འབྲེལ་པུའི་མགྲིན་ཚབ་པས་ཀྲུང་གོ་དང་རྒྱ་གར་གྱི་མཐའ་མཚམས་ས་ཁུལ་རྒྱུན་མཐུད་
    ཞི་བདེ་ཡོང་རྒྱུར་ཡིད་ཆེས་ཡོད་ཅེས་བསྟན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་07ཉིན། 08:42】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
    ༄༅།།ཕྱི་འབྲེལ་པུའི་མགྲིན་ཚབ་པས་ཀྲུང་གོ་དང་རྒྱ་གར་གྱི་མཐའ་མཚམས་ས་ཁུལ་རྒྱུན་མཐུད་
ཞི་བདེ་ཡོང་རྒྱུར་ཡིད་ཆེས་ཡོད་ཅེས་བསྟན་པ།
          ཟླ་1ཚེས་5ཉིན་འཚོགས་པའི་ཕྱི་འབྲེལ་པུའི་རྒྱུན་ལྡན་གྱི་གསར་འགོད་ཁྱབ་བསྒྲགས་ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས་དྲི་བ་བཏོན་པ་འདི་ལྟར། ཀྲུང་གོ་དང་རྒྱ་གར་ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་རྒྱ་གར་གྱི་ས་མཚམས་ནུབ་རྒྱུད་ས་ཁུལ་དུ་ལོ་གསར་གྱི་རྟེན་འབྲེལ་བྱེད་སྒོ་སྤེལ་ནས་མཐའ་མཚམས་ས་ཁུལ་གྱི་ཞི་བདེ་སྲུང་སྐྱོང་བྱ་རྒྱུའི་མཛའ་མཐུན་གྱི་འདུན་པ་མངོན་པར་མཚོན་ཡོད། དེ་དངོས་འབྲེལ་ཡིན་མིན་ར་སྤྲོད་དང་དེའི་སྐོར་གྱི་གནས་ཚུལ་ངོ་སྤྲོད་གནང་རོགས་ཞུ།
         ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས་ཉེ་བའི་ལོ་ཤས་རིང་ཀྲུང་གོ་དང་རྒྱ་གར་ཕྱོགས་གཉིས་ཀྱིས་མཐའ་མཚམས་ས་ཁུལ་གྱི་ཞི་བདེ་དང་ལྷིང་འཇགས་སྲུང་སྐྱོང་ཐད་མཉམ་ལས་དང་སྤེལ་རེས་ཀྱི་ལམ་སྲོལ་རབ་དང་རིམ་པ་བཟོས་ཡོད། སྤྱིའི་ཆ་ནས་བལྟས་ཚེ་འབྲེལ་ཡོད་མཉམ་ལས་དང་སྤེལ་རེས་ལ་ཕན་འབྲས་ཆེན་པོ་ཐོན་ཡོད་པ་དང་ཀྲུང་གོ་དང་རྒྱ་གར་གྱི་མཐའ་མཚམས་ས་ཁུལ་སྤྱིའི་ཆ་ནས་ཞི་བདེ་ལྷིང་འཇགས་ཀྱི་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད་ཅེས་གསུངས་པ་རེད།
         ཧྭ་ཁྲུན་ཡིང་གིས་ང་ཚོར་ཀྲུང་གོ་དང་རྒྱ་གར་གྱི་མཐའ་མཚམས་ས་ཁུལ་རྒྱུན་མཐུད་ཞི་བདེ་ཡོང་རྒྱུའི་ཐད་ཡིད་ཆེས་ཀྱིས་ཁེངས་ཡོད་པ་མ་ཟད།ད་དུང་མུ་མཐུད་དུ་རྒྱ་གར་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་དབར་ཆགས་པའི་ཐུན་མོང་གི་ངོས་འཛིན་གལ་ཆེན་གཞིར་བཟུང་ནས་ཕྱོགས་གཉིས་པོའི་མཐའ་སྲུང་དཔུང་སྡེའི་དབར་གྱི་འབྲེལ་བ་རྒྱུན་ཆད་མེད་པར་ལེགས་སུ་འགྲོ་བར་སྐུལ་འདེད་བཏང་སྟེ་ཐུན་མོང་ཐོག་མཐའ་མཚམས་ས་ཁུལ་གྱི་ཞི་བདེ་དང་ལྷིང་འཇགས་སྲུང་སྐྱོང་བྱ་འདོད་ཡོད་ཅེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།