འཚོལ་བཤེར།   
藏文频道
2015ལོའི་ཟླ་1ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།འགྲིམ་འགྲུལ་པུའུ་ཡིས་ཞིང་ཆེན་ཁག་གི་གླ་རིན་བསྡུ་བའི་གཞུང་ལམ་གྱི་བསྡོམས་རྩིས་ཆ་
    འཕྲིན་ཡོངས་བསྒྲགས་བྱས་ཏེ་མང་ཚོགས་ལ་གནས་ཚུལ་ཤེས་སུ་འཇུག་དགོས་ཞེས་བསྟན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་04ཉིན། 13:30】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
          མི་དམངས་དྲ་བའི་འཕྲིན། ཉེ་ཆར་སྤྱི་ལོ་༢༠༡༥ལོའི་རྒྱལ་ཡོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་ལས་དོན་གྲོས་ཚོགས་མཇུལ་སྒྲིལ་བ་དང་། འགྲིམ་འགྲུལ་པུའུ་ཡིས་ཞིང་ཆེན་ཁག་གི་འགྲིམ་འགྲུལ་སྐྱེལ་འདྲེན་གཙོ་གཉེར་ལས་ཁུངས་ཀྱིས་རང་ཞིང་གི་གླ་རིན་བསྡུ་བའི་གཞུང་ལམ་གྱི་བསྡོམས་རྩིས་ཆ་འཕྲིན་ཡོངས་བསྒྲགས་བྱས་ཏེ། སྤྱི་ཚོགས་ཡོངས་དང་སྨྱན་སྦྱོར་ཚན་པ་ཁག་གིས་གནས་ཚུལ་དངོས་ལ་རྒྱུས་ལོན་བྱེད་དུ་འཇུག་དགོས་ཞེས་བསྟན་པ་དང་། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི་པུའུ་ཀྲང་གཞོན་པ། ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་ཝུན་མེང་ཡུང་གིས་གྲོས་ཚོགས་ཐོག ཞིང་ཆེན་ཁག་གི་འགྲིམ་འགྲུལ་སྐྱེལ་འདྲེན་གཙོ་གཉེར་ལས་ཁུངས་ཀྱིས་སྲིད་དོན་ཡོངས་བསྒྲགས་ཀྱི་བྱེད་ཤུགས་ཆེ་རུ་བཏང་ནས། རང་འགུལ་ངང་སྤྱི་ཚོགས་ཀྱིས་དོ་ཁུར་བྱེད་སར་ལན་ཆ་བྱེད་པ་དང་། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས་རྒྱལ་ཡོངས་ཀྱི་གླ་རིན་བསྡུ་བའི་གཞུང་ལམ་གྱི་བསྡོམས་རྩིས་ཆ་འཕྲིན་ཡོངས་བསྒྲགས་བྱས་པའི་བྱེད་ཐབས་ལ་དཔེ་བླངས་ཏེ་རང་ཞིང་གི་གླ་རིན་བསྡུ་བའི་གཞུང་ལམ་གྱི་བསྡོམས་རྩིས་ཆ་འཕྲིན་ཡོངས་བསྒྲགས་བྱས་ཏེ། སྤྱི་ཚོགས་ཡོངས་དང་སྨྱན་སྦྱོར་ཚན་པ་ཁག་གིས་གནས་ཚུལ་དངོས་ལ་རྒྱུས་ལོན་བྱེད་དུ་འཇུག་དགོས་པ་མ་ཟད། མི་དམངས་མང་ཚོགས་ཀྱི་གནས་ཚུལ་ཤེས་རྟོགས་དབང་ཆ་དང་ཐེ་ཞུགས་དབང་ཆ། ལྟ་སྐུལ་དབང་ཆ་བཅས་ལ་འགན་སྲུང་བྱ་དགོས་ཞེས་གསུངས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།