འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱ་ཚྭ་རྫོང་གི་དྭགས་པོ་རིག་གནས་སྒྱུ་རྩལ་ལྟེ་གནས་ཞིབ་བཤེར་རྩིས་ལེན་བྱུང་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་24ཉིན། 13:58】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
           མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་རྒྱ་ཚྭ་རྫོང་གི་གཙོ་གནད་ལས་གྲྭ་ཡིན་པའི་དྭགས་པོ་རིག་གནས་སྒྱུ་རྩལ་ལྟེ་གནས་ཀྱི་ཨར་ལས་ལེགས་གྲུབ་ཟིན་པ་དང་ཞིབ་བཤེར་རྩིས་ལེན་བྱུང་ནས་བེད་སྤྱོད་བྱེད་ཉེར་ཡོད་པ་དེས་རྒྱ་ཚྭའི་མི་དམངས་ལ་སྒྱུ་རྩལ་གསར་རྐྱང་ཞིག་ཉམས་སུ་མྱོང་ཐུབ་རྒྱུ་ཡིན་པ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། རྒྱ་ཚྭ་རྫོང་དྭགས་པོ་རིག་གནས་སྒྱུ་རྩལ་ལྟེ་གནས་ནི་རྒྱང་ཁྲིད་སློབ་གསོ་དང་གྲངས་གཞིའི་གློག་བརྙན་ཁང་སོགས་ནུས་པ་མང་པོ་གཅིག་ཏུ་བསྡུས་པའི་ཕྱོགས་བསྡུས་རང་བཞིན་གྱི་བཟོ་སྐྲུན་ཞིག་རེད། རྣམ་གྲངས་དེར་ཁྱོན་མ་དངུལ་སྒོར་ཁྲི་2262བཏང་བ་དང་འཛུགས་སྐྲུན་གྱི་ས་བཟུང་རྒྱ་ཁྱོན་སྨི་ངོས་གྲུ་19100ཟིན་པ་དང་འཛུགས་སྐྲུན་གྱི་སྤྱིའི་རྒྱ་ཁྱོན་སྨི་ངོས་གྲུ་8055.42ཟིན་ཡོད།
          རྒྱ་ཚྭ་རྫོང་དྭགས་པོ་རིག་གནས་སྒྱུ་རྩལ་ལྟེ་གནས་ཨར་ལས་ཟིན་པ་དེས་ལྟེ་བའི་གྲོང་ཁུལ་གྱི་སྤྱི་པའི་རིག་གནས་སྒྲིག་བཀོད་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་ནས་གྲོང་མིའི་ལས་ཞོར་འཚོ་བ་ཕུན་སུམ་ཚོགས་སུ་དང་། འཚོ་བའི་སྤུས་ཚད་མཐོ་རུ། ལྟེ་བའི་གྲོང་གི་མིང་གྲགས་ཆེ་རུ་བཅས་ཕྱིན་ནས་རྒྱ་ཚྭའི་གཟུགས་བརྙན་མཐོ་རུ་འགྲོ་རྒྱུར་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།