འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ཀྱི་དུས་རབས་གསར་བའི་རྩོམ་རིག་བྱ་དགའ་སྐབས་བདུན་པ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་24ཉིན། 13:44】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
           མི་དམངས་དྲ་བའི་འཕྲིན། 2014ལོའི་བོད་ལྗོངས་རྩོམ་པ་པོའི་ལྷ་སའི་སྨྱུག་ཚོགས་དང་བོད་ཀྱི་དུས་རབས་གསར་པའི་རྩོམ་རིག་བྱ་དགའ་གནང་བའི་ཚོགས་འདུ་དེ་ཉེ་ཆར་ཡུལ་དབུས་ལྷ་ས་ནས་འཚོགས་པ་རེད། ལྗོངས་ཡོངས་ཀྱི་ཉེ་བའི་ལོ་འགའི་རིང་རྩོམ་རིག་གསར་རྩོམ་གྱི་གྲུབ་འབྲས་ཕུལ་བྱུང་ཅན་གྱི་རྩོམ་པ་པོ30ལྷག་དང་། ཡུལ་གཞན་གྱི་རྩོམ་པ་པོ་སྐོར་ཞིག་ཀྱང་ཐེངས་འདིའི་ཚོགས་འདུ་ལ་ཞུགས་ཡོད། ད་རེབ་བོད་ལྗོངས་ཀྱི་ན་གཞོན་རྩོམ་པ་པོ་ཆུང་སྐྱིད་སོགས་མི་བཞི་ལ་བོད་ཀྱི་དུས་རབས་གསར་པའི་རྩོམ་རིག་བྱ་དགའ་ཐོབ་པ་རེད།
           བོད་རང་སྐྱོང་ལྗོངས་རྩོམ་རིག་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་ཁུར་བའི་མཚམས་སྦྱོར་ལྟར་ན། ཐེངས་འདིའི་ལྷ་སའི་སྨྱུག་ཚོགས་ནི་ཡུལ་དབུས་ལྷ་ས་གཙོ་བྱས་པའི་ཡུལ་དུས་རྩོམ་རིག་འཕེལ་རྒྱས་དང་ལྷ་སའི་རྩོམ་རིག་ལོ་རྒྱུས་སྔོག་འདོན། ལྷ་སའི་རིག་གནས་ཕུན་སུམ་ཇེ་ ཚོགས་སུ་བཏང་བའི་དམིགས་ཡུལ་ཡིན། ཡུལ་དབུས་ལྷ་ས་དང་ཉེ་འབྲེལ་རྫོང་ཁག་གི་ཚབ་མཚོན་རང་བཞིན་ལྡན་པའི་ཞིང་སྡེ་དང་དམག་སྒར། ཁེ་ལས། སློབ་གྲྭ། གཞིས་ཁུལ་སོགས་རིག་གནས་ཀྱི་རྫོངས་མཐུག་པའི་ས་ཁུལ་དག་ཏུ། ལྷ་སའི་རིག་གནས་སྔོག་འདོན་དང་གསར་རྩོམ། དྲིལ་སྒྲོག ཁྱབ་གདལ་དུ་གཏོང་བ་དམིགས་འབེན་དུ་བཟུང་ནས་སྤེལ་བའི་རྩོམ་རིག་བྱེད་སྒོ་ཞིག་ཡིན་ལ། རྩོམ་རིག་བརྗོད་གཞི་གསར་རྩོམ་དང་རྩོམ་རིག་བཞུགས་མོལ་ཚོགས་འདུ། རྩོམ་རིག་འཆད་ཁྲིད། བརྩམས་ཆོས་བརྗེ་རེས་དང་བཟོ་བཅོས་སོགས་ཀྱི་བྱེད་སྒོ་སྤེལ་བ་རེད་ཅེས་གསལ་བརྗོད་གནང་འདུག
           རེབ་འདིའི་བོད་ཀྱི་དུས་རབས་གསར་པའི་རྩོམ་རིག་བྱ་དགའ་ཐོབ་མཁན་གྱི་རྩོམ་པ་པོ་དང་བརྩམས་ཆོས་ནི། ཨེ་ཉི་མ་ཚེ་རིང་ལགས་ཀྱི་༼བན་ཆུང་དང་ཁོའི་ལང་ཚོ་༽དོན་གྲུབ་ཚེ་རིང་ལགས་ཀྱི་༼ཕ་ཡུལ་༽ཀྲང་ཙུའུ་ཝུན་ལགས་ཀྱི་༼ཁོ་མོའི་མིང་ལའང་སྒྲོལ་མ་ཟེར་༽ཆུང་སྐྱིད་ལགས་ཀྱི་༼ཇ་ཁང་༽བཅས་ཡིན།༼མཚོ་སྔོན་པོ་དྲ་བ་ལས།༽
      

    ཕྱོགས་བསྡུས་གསར་འགྱུར།