འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།གཏོད་འདེམས་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གསར་གཏོད་བྱེད་དགོས།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་24ཉིན། 13:52】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
            ལྗོངས་ཡོངས་ཀྱི་ཞི་མཐུན་དཔེ་བཟང་གི་དགོན་སྡེ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་གྱི་གཟེངས་བསྟོད་ཚོགས་ཆེན་དེ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ཁྱོན་ཡོངས་ནས་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་བའི་འགག་རྩའི་དུས་སུ་སྐོང་ཚོགས་བྱས་པའི་གལ་འགངས་ཤིན་ཏུ་ཆེ་བའི་ཚོགས་འདུ་ཞིག་རེད། ཚོགས་ཆེན་ཐོག་ལོ་གཅིག་རིང་ལྗོངས་ཡོངས་ཀྱི་ཞི་མཐུན་དཔེ་བཟང་གི་དགོན་སྡེ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་གཏོད་འདེམས་བྱེད་སྒོར་ཐོབ་པའི་མངོན་གསལ་དོད་པའི་ཕན་འབྲས་དང་གྲུབ་འབྲས་ཐོབ་པའི་ཉམས་མྱོང་ཁྱོན་ཡོངས་ནས་ཕྱོགས་སྡོམ་བྱས་པ་དང་གོམ་སྟབས་རྗེས་མའི་གཏོད་འདེམས་བྱེད་སྒོ་བཀོད་སྒྲིག་བྱས་པས་ལྗོངས་དེ་ཡོངས་ཀྱི་རིམ་ཁག་དགོན་སྡེ་དོ་དམ་ཨུ་ལྷན་དང་རྒྱ་ཆེའི་དགོན་སྡེར་བཅའ་སྡོད་ལས་བྱེད་པ་དང་རྒྱ་ཆེའི་གྲྭ་བཙུན་ཚོས་སྔོན་ཐོན་མིག་དཔེར་བྱེད་པ་དང་གཏོད་འདེམས་བྱེད་སྒོའི་ནང་ཞུགས་པའི་སྤྲོ་སེམས་སྔར་བས་འཕེལ་ངེས་ཡིན་པ་དང་ལྗོངས་ཡོངས་ཀྱི་ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་། ཞི་མཐུན་བརྟན་ལྷིང་། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན། དམངས་འཚོ་ལེགས་གཏོང་། སྣོད་བཅུད་བཟང་པོ། ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། མཐའ་མཚམས་སྲ་བརྟན་བཅས་ཀྱི་རྣམ་པ་ཧ་ཅང་ཡག་པོ་སྔར་བས་སྲ་བརྟན་དང་འཕེལ་རྒྱས་གཏོང་ངེས་རེད།
            ཞི་མཐུན་དཔེ་བཟང་གི་དགོན་སྡེ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་གཏོད་འདེམས་བྱེད་སྒོ་གཏིང་ཟབ་སྤེལ་རྒྱུ་དེ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཀྲུང་དབྱང་གི་དགོངས་དོན་ལག་ལེན་ནན་ཏན་བསྟར་བ་དང་། བོད་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱེད་པ། དཔལ་འབྱོར་དང་སྤྱི་ཚོགས་ལེགས་ལ་མྱུར་བའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་མ་གཏོང་བའི་མཐོ་ཚད་དུ་ལངས་པ་བཅས་བྱས་ནས་གཏན་འབེབས་བྱེད་པའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དང་། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་དང་རྒྱལ་ཁབ་ཀྱིས་ཆོས་ལུགས་ལས་དོན་དོ་དམ་བྱེད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དང་། དགོན་སྡེའི་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་གསར་གཏོད་བྱེད་པའི་བྱ་ཐབས་གལ་ཆེན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་བྱ་སྤྱོད་དངོས། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་། ལྷག་པར་དུ“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོར་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”འཐབ་ཇུས་གལ་ཆེན་གྱི་དགོངས་པ་དང“བོད་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཁྱོན་ཡོངས་ནས་བརྟན་ལྷིང་བཅས་ཡོང་བ་བྱེད་དགོས་པའི”མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་མཚོན་ཚུལ་ཞིབ་ཕྲ། ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གི“ཁྲིམས་ལྟར་བོད་སྐྱོང་བ་དང་། ཡུན་རིང་བོད་འཛུགས་སྐྲུན་བྱེད་པ། མི་སེམས་ཐོབ་ཐབས་བྱེད་པ། རྨང་གཞི་བརྟན་པོ་འདིང་བའི”རྩ་དོན་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པའི་དམ་འཛིན་བྱེད་ས་ནུས་ལྡན། ཏང་གི་མང་ཚོགས་ལམ་ཕྱོགས་ལག་ལེན་བསྟར་བའི་གསོན་ཉམས་ལྡན་པའི་ལག་ལེན་བཅས་རེད། 
    ལོ་གཅིག་རིང་ལྗོངས་ཡོངས་ཀྱི་རིམ་ཁག་དང་སྡེ་ཚན་ཁག་གིས་ཚད་མཐོའི་སྣང་ཆེན་དང་སྒྲིག་འཛུགས་གང་ལེགས་བྱེད་པ་དང་། རིམ་ཁག་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་སྡེ་ཚན་གྱིས་སྐུལ་འདེད་ཧུར་ཐག་གཏོང་བ་དང་། མཐུན་སྦྱོར་ཧུར་ཐག་བྱེད་པ། དགོན་སྡེ་དོ་དམ་ཨུ་ལྷན་ཁག་དང་དགོན་སྡེར་བཅའ་སྡོད་ལས་བྱེད་པས་ལས་འགན་ནན་ཏན་དང་ཏན་ཏིག་སྒྲུབ་པ། དགོན་སྡེའི་རྒྱ་ཆེའི་གྲྭ་བཙུན་ཚོས་དང་ལེན་ཧུར་ཐག་བྱེད་པ་དང་རང་འགུལ་ངང་ཞུགས་པ་བཅས་བྱེད་ཀྱི་ཡོད། མིག་སྔར་ལྗོངས་ཡོངས་ཀྱི་དགོན་སྡེར“འཛུགས་པ་དྲུག”གི་ལམ་སྲོལ་དང་སྒྲིག་སྲོལ་སྔར་བས་འཐུས་ཚང་དུ་གཏོང་བ་དང་། ལས་བྱེད་པ་དགོན་སྡེར་བཅའ་སྡོད་བྱེད་པའི་ལས་དོན་སྔར་བས་གཏིང་ཟབ་སྤེལ་བ། དགོན་སྡེའི་སྤྱི་པའི་ཞབས་ཞུ་སྔར་བས་ལེགས་སུ་གཏོང་བ། གྲྭ་བཙུན་ཚོའི་རྒྱལ་གཅེས་སྤྲོ་སེམས་སྔར་བས་འཕེལ་བ། ཆོས་ལུགས་ཞི་མཐུན་གྱི་རྣམ་པ་སྔར་བས་ཟབ་ཏུ་ཕྱིན་པ། རྒྱ་ཆེའི་གྲྭ་བཙུན་ཚོའི་རྒྱལ་གཅེས་ཆོས་གཅེས་ཀྱི་སྤྲོ་སེམས་སྔར་བས་འཕེལ་བ་བཅས་ལས་ཆོས་ལུགས་འཆམ་མཐུན་དང་། བསྟན་དོན་ལམ་ལྷོངས། དགོན་སྡེ་ཞི་མཐུན་བཅས་ལ་སྔར་བས་སྐུལ་མ་ཐེབས་པ་དང་ལྗོངས་ཡོངས་ཀྱི་སྤྱི་ཚོགས་ཁྱོན་ཡོངས་རྒྱུན་སྲིང་ངང་ཞི་མཐུན་དང་བརྟན་ལྷིང་ཡོང་རྒྱུར་སྐུལ་མ་ཐེབས་ཡོད། 
            དགོན་སྡེ་ཚང་མར་ཞི་མཐུན་གཏོད། སྐྱེ་བོ་ཀུན་ལ་ཞི་བདེ་ཡོང་། ལག་ལེན་ལས་ཞི་མཐུན་དཔེ་བཟང་གི་དགོན་སྡེ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་གཏོད་འདེམས་ཀྱི་བྱེད་སྒོ་དེ་ཀྲུང་དབྱང་གི་དགོངས་དོན་དང་མཐུན་པ་དང་། བོད་ཀྱི་དོན་དངོས་དང་མཐུན་པ། དམངས་འདོད་དང་མཐུན་པ། ཕུགས་ལ་ཁེ་ཕན་ཡོད་པ་བཅས་ཡིན་པར་བརྟེན་རྦད་དེ་ཡང་དག་དང་དགོས་ངེས་ཆེན་པོ་ཡིན་པ་ར་སྤྲོད་གང་ལེགས་བྱས་ཡོད། གཏོད་འདེམས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་རྒྱུ་དེ་དགོན་སྡེའི་ཞི་མཐུན་དང་བརྟན་ལྷིང་དང་འབྲེལ་བ་ཡོད་པ་དང་ལྗོངས་ཡོངས་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་གི་ཁྱོན་ཡོངས་དང་འབྲེལ་བ་ཡོད་པར་བརྟེན་བརྒྱུད་རིམ་ལྡན་པའི་འདུ་འགོད་དང་། རྨང་གཞིའི་འདུ་འགོད། སྲིད་བཟང་འདུ་འགོད། དམངས་སེམས་འདུ་འགོད་བཅས་རེད། རིམ་ཁག་དགོན་སྡེ་དོ་དམ་ཨུ་ལྷན་དང་རྒྱ་ཆེའི་དགོན་སྡེར་བཅའ་སྡོད་ལས་བྱེད་པ་དང་རྒྱ་ཆེའི་གྲྭ་བཙུན་ཚོས་རྒྱལ་ཁབ་ཀྱི་བདེ་འཇགས་དང་། མེས་རྒྱལ་གཅིག་གྱུར། མི་རིགས་མཐུན་སྒྲིལ་བཅས་སྲུང་སྐྱོང་བྱེད་པའི་མཐོ་ཚད་དང་བོད་བརྒྱུད་ནང་བསྟན་གྱི་རྒྱུན་གཏན་སྒྲིག་ལམ་སྲུང་སྐྱོང་བྱེད་པ་དང་བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་པ་བྱེད་པར་སྐུལ་མ་གཏོང་བའི་མཐོ་ཚད་ཐོག་ནས་སྔར་བས་གྲུབ་འབྲས་བརྟན་གཏོང་དང་། གསར་འབྱེད་གསར་གཏོད། ཞབས་ཞུ་གཏིང་ཟབ། དོ་དམ་ཚད་ལྡན་བཅས་བྱས་ནས་གཏོད་འདེམས་བྱེད་སྒོ་དེ་གཏིང་ཟབ་སྤེལ་བར་སྐུལ་མ་གཏོང་དགོས། 
           ལྗོངས་ཡོངས་ཀྱི་རིམ་ཁག་དགོན་སྡེ་དོ་དམ་ཨུ་ལྷན་དང་རྒྱ་ཆེའི་དགོན་སྡེར་བཅའ་སྡོད་ལས་བྱེད་པ་ནི་གཏོད་འདེམས་བྱེད་སྒོར་ཐད་ཀར་ཞུགས་མཁན་དང་། ཞིབ་ཕྲའི་སྒྲིག་འཛུགས་པ། དངོས་སུ་སྐུལ་མ་གཏོང་མཁན་བཅས་རེད། འགན་འཁྲི་ཏན་ཏིག་སྒྲུབ་པ་དང་། ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ། བྱེད་ཐབས་ལེགས་སུ་གཏོང་བ། འདྲེན་རྟེན་གསར་གཏོད་བྱེད་པ། མིག་དཔེས་དཔེ་སྟོན་བཅས་བྱས་ནས་སློབ་གསོ་རྒྱག་པར་བྱ་ཐབས་གསར་པ་ཡོད་པ་བྱེད་པ་དང་། དོ་དམ་ལམ་ལུགས་ཅན་དང་། ཞིབ་ཚགས་ཅན། རྒྱུན་རྣམ་ཅན་བཅས་སུ་འགྱུར་བར་སྐུལ་འདེད་བཏང་ནས་དོ་དམ་བྱེད་པར་ཡར་རྒྱས་གསར་པ་ཐོབ་པ་བྱེད་པ། བྱ་ཐབས་དོན་འཁྱོལ་བྱེད་པ་དང་། ཞབས་ཞུའི་ཁྱབ་ཁོངས་རྒྱ་ཆེར་གཏོང་བ། མི་རྩ་བར་འཛིན་པ། མི་གཤིས་དོ་ཁུར་ལ་སྣང་ཆེན་བཅས་བྱས་ནས་ཞབས་འདེགས་ཞུ་བར་སྔར་བས་ཤུགས་སྣོན་རྒྱག་ཐུབ་པ། འཇོན་ཐང་ཆེ་རུ་གཏོང་བ་དང་། འགན་འཁུར་ཕོད་པ། གཟུགས་བརྙན་བཟང་པོ་གཏོད་པ་བཅས་བྱས་ནས་བྱང་ཚད་མཐོ་རུ་འགྲོ་ཐུབ་པ་བཅས་བྱས་ཏེ་ལས་བྱེད་པ་དགོན་སྡེར་བཅའ་སྡོད་བྱེད་པའི་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གསར་གཏོད་བྱེད་དགོས། 
           རྒྱ་ཆེའི་ཆོས་ལུགས་ལས་རིགས་ཀྱི་རྒྱལ་གཅེས་མི་སྣ་ནི་ཕུལ་བྱུང་གི་ཆོས་ལུགས་ལས་དོན་པ་དང་རིག་གནས་ལས་དོན་པ་ཡིན་པ་དང་། རང་རེའི་ཏང་གིས་བློས་འགེལ་ཆོག་པའི་གྲོགས་པོ་བློས་ཐུབ་རེད། དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱེད་པ་དང་གཏོད་འདེམས་བྱེད་སྒོ་དེ་གོ་སྐབས་བཟང་པོ་དང་སྒུལ་ཤུགས་སུ་བརྩིས་ནས་བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་བྱེད་པ་དང་དར་སྤེལ་གཏོང་བ་དང་ཞི་མཐུན་དཔེ་བཟང་གི་དགོན་སྡེ་གཏོད་རྒྱུར་བརྩོན་ལེན་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་བྱ་རྒྱུར་བརྩོན་ལེན་བྱས་ནས་རྒྱལ་གཅེས་ཆོས་གཅེས་དང་། སྒྲིག་བཀུར་ཁྲིམས་སྲུང་། ཞི་མཐུན་ལ་སྐུལ་གཏོང་། ཤེས་རྒྱ་ཟབ་མོ། རྒྱལ་སྐྱོང་འགྲོ་ཕན་བཅས་ཀྱི་གྲྭ་བཙུན་ཡག་པོ་ཞིག་བྱེད་པ་དང་དཔལ་འབྱོར་དང་སྤྱི་ཚོགས་ལེགས་ལ་མྱུར་བའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་མ་གཏོང་བའི་ཁྲོད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་པ་བྱེད་པར་སྣེ་ཁྲིད་ཧུར་ཐག་བྱེད་དགོས། 
      

    ཕྱོགས་བསྡུས་གསར་འགྱུར།