འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།མི་དམངས་ཉིན་རེའི་ཚགས་པར་ཐོག་གྲོང་གསེབ་བསྒྱུར་བཅོས་གཏིང་ཟབ་བྱས་ནས་
    ཞིང་ལས་དེང་རབས་ཅན་གྱི་སྐུལ་འདེད་ཇེ་མགྱོགས་སུ་གཏོང་དགོས་
    ཞེས་པའི་དཔྱད་བརྗོད་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་24ཉིན། 13:37】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
           སྤྱི་ཚེས་༢༤ཉིན་དཔེ་སྐྲུན་བྱས་པའི་མི་དམངས་ཉིན་རེའི་ཚགས་པར་ཐོག་གྲོང་གསེབ་བསྒྱུར་བཅོས་གཏིང་ཟབ་བྱས་ནས་ཞིང་ལས་དེང་རབས་ཅན་གྱི་སྐུལ་འདེད་ཇེ་མགྱོགས་སུ་གཏོང་དགོས་ཞེས་པའི་དཔྱད་བརྗོད་ཞིག་སྤེལ་ཡོད་པ་རེད།
          དཔྱོད་བརྗོད་ནང་། མིག་སྔའི་དཔལ་འབྱོར་དེ་རྒྱུན་སྲོལ་གསར་པར་སླེབས་པའི་རྒྱབ་ལྗོངས་འོག ཞིང་ལས་དང་གྲོང་གསེབ་ཀྱི་གོང་འཕེལ་མདུན་དུ་སྔར་ན་མེད་པའི་འགྲན་རྩོད་གསར་པ་འཕྲད་བཞིན་ཡོད། ཞིང་ལས་དེང་རབས་ཅན་གྱི་ཚད་བཀག་མེད་པ་བཟོ་དགོས་ན་ངེས་པར་དུ་རང་སྒུལ་སྒོ་ནས་དཔལ་འབྱོར་གྱི་རྒྱུན་སྲོལ་གསར་པ་དང་འཚམ་པ་བྱེད་དགོས་པ་དང་། འབྲུ་རིགས་བརྟན་པོའི་སྒོ་ནས་འཕར་སྣོན་དང་། སྤུས་ཀ་ལེགས་པོ་དང་ཕན་འབྲས་མཐོ་པོ། གསར་གཏོད་ཀྱི་སྒུལ་ཤུགས་བཅས་ཀྱི་སྤྱིའི་བླང་བྱར་གཞིགས་ནས། ཁྱོན་ཡོངས་ནས་གྲོང་གསེབ་བསྒྱུར་བཅོས་གཏིང་ཟབ་བྱེད་དགོས།
          རེས་བསྐོར་གསར་པའི་གྲོང་གསེབ་བསྒྱུར་བཅོས་ཀྱིས་གཙོ་གནད་ཐོག་མེད་པ་བཟོ་དགོས་པ་དེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲུབ་ཆ་གཉིས་ཀྱི་སྒྲིག་གཞི་དེ་ཡིན་པ་དང་། མདུན་དུ་འཕྲད་པ་ནི་ཐག་གཅོད་བྱེད་ཁག་ཤོས་ཀྱི་གནད་དོན་ཤ་སྟག་ཡིན་པས། ཁྲོམ་རས་ཐོན་ཁུངས་བཀོད་སྒྲིག་ཁྲོད་ཐོན་པའི་ཐག་གཅོད་རང་བཞིན་གྱི་ནུས་པར་དམ་པོར་གཞིགས་ནས། སྲིད་གཞུང་གི་ནུས་པ་དེ་བས་ཡག་པ་འདོན་སྤེལ་བྱེད་དགོས།
          གྲོང་གསེབ་ཀྱི་གནས་ཚུལ་འདྲ་མིན་སྣ་ཚོགས་ཡོད་པ་དང་། ཐོན་སྐྱེད་ནུས་པའི་ཆུ་ཚད་ཀྱང་འདྲ་མིན་སྣ་ཚོགས་ཡོད་པས། ཞིང་ལས་དེང་རབས་ཅན་ཚང་མས་མ་དཔེ་གཅིག་གི་མཉམ་སྐྱོད་བྱས་ན་འགྲིག་ཐབས་མེད་པ་དང་། ཡུལ་བབ་དང་བསྟུན་པ་དང་། གསར་གཏོད་ལ་སྐུལ་ལྕག་བྱེད་དགོས་ལ། ད་དུང་མཐའ་ཐིག་དམ་སྲུང་བྱེད་དགོས་པ་དང་། ཚོད་ལྟའི་ཁུལ་སྔོན་ལ་ལག་བསྟར་བྱས་ནས། ཐབས་ལམ་མང་བ་དང་རྣམ་པ་མང་བ། བང་རིམ་མང་བ་བཅས་ཀྱི་ཐོག་ནས་ཞིང་ལས་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་རྣམ་པ་ཞིག་གྲུབ་པ་བྱེད་དགོས་ཞེས་བཏོན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།