འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།གསར་འགྱུར་བརྒྱུད་སྒྲིག་མི་སྣ་སྐྱེད་སྲིང་བྱ་བའི་དཔྱད་གླེང་ཚོགས་འདུ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་24ཉིན། 13:40】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
    ༄༅།།གསར་འགྱུར་བརྒྱུད་སྒྲིག་མི་སྣ་སྐྱེད་སྲིང་བྱ་བའི་དཔྱད་གླེང་ཚོགས་འདུ་འཚོགས་པ།
            མི་དམང་དྲ་བའི་འཕྲིན། སྤྱི་ཟླ12པའི་ཚེས19ཉིན། ཀྲུང་དབྱང་མི་རིགས་སློབ་ཆེན་དུ་༼གསར་འགྱུར་བརྒྱུད་སྒྲོག་མི་སྣ་འཇོན་ཐང་ཅན་སྐྱེད་སྲིང་བྱ་བའི་དཔྱད་གླེང་ཚོགས་འདུ་༽བསྡུས་ཤིང་། ཀྲུང་དབྱང་མི་དམངས་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་མི་རིགས་སྐད་ཡིག་ལེ་ཚན་གྱི་ཉན་དཔྱད་རྟེན་གནས་ཀྱི་ཡོལ་བ་ཕྱེ་བའི་མཛད་སྒོ་དང་། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་གསར་འགྱུར་རིག་པ་༼བོད་སྐད་ཡིག་འཛིན་གྲྭ་༽དང་ཀྲུང་དབྱང་མི་དམངས་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་བོད་སྐད་ལེ་ཚན་ལྟེ་གནས་གཉིས་ཀྱིས་མཉམ་པོར་མིང་རྟགས་འགོད་པའི་མཛད་སྒོ་སྤེལ་བ་རེད། 
           2014ལོར། ཀྲུང་དབྱང་མི་རིགས་སློབ་ཆེན་གྱིས་ཐོག་དང་པོར་གསར་འགྱུར་རིག་པའི་བོད་ཡིག་འཛིན་གྲྭ་བཙུགས་ཏེ། བོད་ལྗོངས་དང་ཀན་སུའུ། སི་ཁྲོན། ནང་སོག་སོགས་ཞིང་ཆེན21གི་བོད་རིགས་སློབ་མ་བསྡུས། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་འབྲེལ་ཡོད་འགན་ཁུར་བས་བསྟན་དོན། ད་ཐེངས་གསར་འགྱུར་རིག་པའི་བོད་ཡིག་འཛིན་གྲྭ་དང་ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་ཁང་གཉིས་མཉམ་འབྲེལ་གནང་བ་དེས། ཕྱོགས་གཅིག་ནས་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་སློབ་མའི་རྨང་གཞིའི་ཐོག་ལེགས་ཆ་བསྡུ་ལེན་དང་། ཕྱོགས་གཞན་ཞིག་ནས་སློབ་མར་དངོས་སྦྱོང་ལས་ཞུགས་ཀྱི་གོ་སྐབས་གནང་བ་རེད་ཅེས་བརྗོད་འདུག
          དཔྱད་གླེང་ཚོགས་འདུ་རུ། མི་རིགས་གྲངས་ཉུང་གི་གསར་འགྱུར་བརྒྱུད་སྒྲོག་པ་འཇོན་ཐང་ཅན་གསོ་སྐྱོང་གི་སློབ་སྒྲུབ་ཉམས་མྱོང་དང་། གསར་འགྱུར་རིག་པ་༼བོད་ཡིག་འཛིན་གྲྭ༽འི་སློབ་སྒྲུབ་ཚོད་ལྟ་ལ་དམིགས་ནས། མི་རིགས་གྲངས་ཉུང་གི་གསར་འགྱུར་བརྒྱུད་སྒྲོག་པ་འཇོན་ཐང་ཅན་གསོ་སྐྱོང་བྱེད་པའི་ཐབས་ལམ་དང་ནང་རྐྱེན་ལ་དཔྱད་བསྡུར་བྱས་ཤིང་། ཚོགས་ཞུགས་ཆེད་མཁས་པས་བརྗོད་དོན། མིག་སྔར་ཉེ་བར་མཁོ་བ་ནི་སྐད་གཉིས་ཆེད་ལས་ཀྱི་གསར་འགྱུར་བརྒྱུད་སྒྲོག་པ་གསོ་སྐྱོང་བྱས་ཏེ། མི་རིགས་གསར་འགྱུར་སློབ་གསོ་ལ་མགོ་གསར་པ་ཞིག་གཟུགས་དགོས་པ་དེ་རེད། འཇོན་ཐང་ཅན་ཇི་ལྟར་གསོ་སྐྱོང་བྱེད་པ་དང་རིག་པ་ག་རེ་བསླབ་པ། ལས་ཀར་ཇི་ལྟར་ཞུགས་ཚུལ་སོགས་ཕྱོགས་ཀུན་ལ་བསམ་གཞིག་གཏང་དགོས་ས་རེད། གསར་འགྱུར་རིག་པ་༼བོད་ཡིག་འཛིན་གྲྭ༽འི་སློབ་ཁྲིད་ལ་དམིགས་ནས། ཚོགས་ཞུགས་ཆེད་མཁས་པས་དགོངས་འཆར་ལ། སློབ་ཁྲིད་གོ་སྒྲིག་ཐད། གསར་འགྱུར་ཆེད་ལས་ཀྱི་ཤེས་བྱ་དང་། བོད་ཀྱི་སྐད་ཡིག་དང་རིག་གནས་སོགས་ཀྱི་ཤེས་བྱ་སློབ་ཁྲིད་བྱ་རྒྱུ་ཡང་ཧ་ཅང་གལ་ཆེན་པོ་འདུག དུས་མཚུངས་སུ། དཔེ་མཚོན་རང་བཞིན་གྱི་བསླབ་དེབ་སྤྱད་ནས་སྒྲ་གཟུགས་བརྙན་ཟློས་དང་ཡུལ་དངོས་ནས་རྩད་བསྡུར་བྱེད་པ་སོགས་ལག་ལེན་བྱེ་བྲག་ཏུ་བབས་ནས་མི་རིགས་སློབ་གསོའི་ཐབས་ལམ་གསར་པར་འཚོལ་ཞིབ་དང་ཚོད་ལྟ་བྱེད་དགོས་པ་བསྟན་འདུག
      

    ཕྱོགས་བསྡུས་གསར་འགྱུར།