འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་དབུལ་སྐྱོར་ལས་དོན་ཡང་དག་པར་སྤེལ་ནས་དབུལ་ཕོངས་མི་འབོར་
    འབུམ་ལྔ་ཉུང་དུ་ཕྱིན་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་24ཉིན། 10:03】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
           མི་དམངས་དྲ་བའི་འཕྲིན། སུས་དབུལ་སྐྱོར་བྱས་པ་དང་སུ་སོང་ནས་དབུལ་སྐྱོར་བྱེད་པ། ཇི་ལྟར་དབུལ་སྐྱོར་བྱེད་པ་བཅས་ལ་གཞིགས་ཏེ། བོད་ལྗོངས་ཀྱིས་ཡིག་ཚགས་དང་བྱང་བུ་བཟོ་བ་བརྒྱུད་ནས་དབུལ་སྐྱོར་བྱ་ཡུལ་ཡང་དག་པའི་ངོས་འཛིན་བྱས་ཤིང་། མཉམ་ལས་ཁང་དང་འཇོན་ཐང་ཅན། དབུལ་ཕོངས་དུད་ཁྱིམ་བཅས་མཉམ་དུ་བསྡོམ་པ་དང་། དེ་མིན་ཏང་ཀྲི་པུའུ་དང་འཇོན་ཐང་ཅན། དབུལ་ཕོངས་དུད་ཁྱིམ་བཅས་མཉམ་དུ་བསྡོམ་པ་སོགས་དབུལ་སྐྱོར་གྱི་རྣམ་པ་གསར་གཏོད་བྱས་པས་ལོ་ངོ་བཞི་སོང་བའི་རིང་དབུལ་ཕོངས་མི་འབོར་འབུམ་ལྔས་ཉུང་དུ་སོང་ཡོད་པ་རེད།
           བོད་རང་སྐྱོང་ལྗོངས་དབུལ་སྐྱོར་གཞུང་ལས་ཁང་གི་ཀྲུའུ་རིན་ཧུའུ་ཞིན་ཧྲིན་གྱིས་དབུལ་སྐྱོར་བྱ་ཡུལ་ཡང་དག་པའི་ངོས་འཛིན་བྱ་རྒྱུ་ནི་ཡང་དག་པའི་སྒོ་ནས་དབུལ་སྐྱོར་བྱེད་པའི་གནད་འགག་རེད་ཅེས་གསུངས་པ་དང་། སྔོན་ཆད་དབུལ་སྐྱོར་བྱ་ཡུལ་གྱི་ཆ་འཕྲིན་མི་ཚང་བ་དང་། དབུལ་སྐྱོར་རོགས་དངུལ་འདྲ་མཉམ་ངང་བགོ་བཤའ་མི་རྒྱག་པ། རོགས་དངུལ་གང་འདོད་ལ་བྱིན་པ་བཅས་ཀྱི་སྣང་ཚུལ་དེ་ཐག་གཅོད་བྱེད་ཆེད། རང་སྐྱོང་ལྗོངས་དབུལ་སྐྱོར་གཞུང་ལས་ཁང་གིས་ཡང་དག་པའི་དབུལ་སྐྱོར་ལས་དོན་གྱི་སྒྲིག་གཞི་རིམ་བཞིན་བཙུགས་ནས། ཚད་ཡོད་ཀྱི་དབུལ་སྐྱོར་རོགས་དངུལ་དབུལ་ཕོངས་མང་ཚོགས་ལ་བྱིན་པ་རེད།
            དབུལ་སྐྱོར་བྱ་ཡུལ་ཡང་དག་པའི་ངོས་འཛིན་བྱས་རྗེས། བོད་ལྗོངས་ཀྱིས་འཇོན་ཐང་ཅན་ དེ་དབུལ་སྐྱོར་ལས་དོན་གྱི་གཙོ་སྒྲུབ་སྟོབས་ཤུགས་ཀྱི་གྲས་སུ་བཞག་པ་དང་། སྔོན་ལ་རྒྱུ་ཅན་གྱིས་རྒྱུ་མེད་སྣེ་ཁྲིད་བྱེད་པའི་ལག་ལེན་འཚོལ་ཞིབ་བྱས་པ་རེད། དགའ་གྲོང་གྲོང་ཚོ་བོད་བྱ་གསོ་སྤེལ་ཆེད་ལས་མཉམ་ལས་ཁང་གི་འགན་ཁུར་བ་སྐལ་བཟང་ཚེ་རིང་ནི་དབུལ་སྐྱོར་ལས་གཞིའི་འཇོན་ཐང་ཅན་ཞིག་རེད། ཁོང་གིས། ན་ནིང་སྲིད་གཞུང་གིས་མི་དམངས་ཤོག་སྒོར་འབུམ་བདུན་གྱི་དབུལ་སྐྱོར་རོགས་དངུལ་བཏང་བ་དང་། གསོ་སྤེལ་གྱི་གཞི་ཁྱོན་སྔར་ལས་རྒྱ་ཆེ་རུ་བཏང་བས། ང་ཚོས་དབུལ་ཕོངས་དུད་ཁྱིམ་བདུན་བཅུ་ལྷག་ལ་རོགས་སྐྱོར་བྱེད་ཐུབ་བྱུང་ཞེས་གསུངས་ཡོད་པ་རེད།
            ཡང་དག་པའི་དབུལ་སྐྱོར་ལས་དོན་གྱི་སྒྲིག་གཞིར་བརྟེན་ནས། བོད་ལྗོངས་ཀྱི་དབུལ་ཕོངས་མི་འབོར་སྤྱི་ལོ་༢༠༡༠ལོའི་འབུམ་བརྒྱད་དང་སུམ་ཁྲི་སུམ་སྟོང་ནས་མིག་སྔའི་འབུམ་གསུམ་དང་ཉིས་ཁྲི་བདུན་སྟོང་བར་ཉུང་དུ་ཕྱིན་པ་དང་། དབུལ་སྐྱོར་བྱ་ཡུལ་གྱིས་ཞིང་འབྲོག་ཁུལ་གྱི་སྤྱིའི་མི་འབོར་ནང་ཟིན་ཚད་སྤྱི་ལོ་༢༠༡༣ལོའི་བརྒྱ་ཆ༡༨.༧༣ལས་ད་སྔའི་བརྒྱ་ཆ༡༣.༦༣གྱི་ཉུང་དུ་སོང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།