འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུ་ཚོགས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་24ཉིན། 10:01】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
           མི་དམངས་དྲ་བའི་འཕྲིན། ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུ་སྤྱི་ཚེས་22ཉིན་ནས་23ཉིན་བར་པེ་ཅིན་དུ་སྐོང་འཚོགས་བྱས་ཡོད། གྲོས་ཚོགས་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅུ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པ། དེ་བཞིན་ཀྲུང་དབྱང་དཔལ་འབྱོར་ལས་དོན་ཚོགས་འདུ་བཅས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ། སྤྱི་ལོ་2014ལོའི་ཞིང་ལས་དང་གྲོང་གསེབ་ལས་དོན་ལ་ཕྱོགས་བསྡོམས་བརྒྱབ་ཏེ། བསྒྱུར་བཅོས་གསར་སྐྲུན་ལ་བརྟེན་ནས། ཞིང་ལས་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ལ་ཞིབ་འཇུག དུས་སང་དང་ཕྱིན་ཆད་དུས་མཚམས་ཤིང་རིང་གི་ཞིང་ལས་དང་གྲོང་གསེབ་ལས་དོན་ཐད་བཀོད་སྒྲིག་གནང་ཡོད་པ་རེད།
           ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས། ད་ཐེངས་ཀྱི་ཀྲུང་དབྱང་གི་གྲོང་གསེབ་ལས་དོན་གྲོས་ཚོགས་ལ་ཚད་མཐོའི་མཐོང་ཆེན་བྱས་ནས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་གྲོས་ཚོགས་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས། དེ་བཞིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བཅས་ཀྱིས་ཐེངས་འདིའི་གྲོས་ཚོགས་ཡག་པོ་འཚོགས་རྒྱུ་དང་དུས་སང་གི་ཞིང་ལས་གྲོང་གསེབ་ལས་དོནཡག་པོ་སྒྲུབ་རྒྱུའི་ཐད་བླང་བྱ་ཁ་གསལ་བཏོན་ཡོད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལེ་ཁེ་ཆང་གྲོས་ཚོགས་ལ་ཞུགས་གནང་བ་མ་ཟད་གལ་ཆེའི་གསུང་བཤད་ཀྱང་གནང་བ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིད་གྲོས་ཚོགས་ལ་ཞུགས་ཡོད་པ་རེད།
          གྲོས་ཚོགས་ཐོག་ད་ལོ་ནས་བཟུང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཡང་དག་འགོ་འཁྲིད་འོག་དང་ཏང་ཡོངས་དང་རྒྱལ་ཡོངས་གོང་འོག་ཚང་མས་ཐུན་མོང་འབད་བརྩོན་བྱས་པ་བརྒྱུད། འབྲུ་རིགས་ཐོན་འབོར་ལོ་བཅུ་གཅིག་བསྟུད་མར་འཕར་སྣོན་བྱུང་བ་དང་ཞིང་པར་ལོ་བཅུ་གཅིག་བསྟུད་མར་བབ་འཕར་བྱུང་བ། གྲོང་གསེབ་ཀྱི་དམངས་འཚོ་ལེགས་བཅོས་ཐད་འཕེལ་རིམ་གལ་ཆེན་བྱུང་བ། གྲོང་གསེབ་ཀྱི་བསྒྱུར་བཅོས་ལ་སྐུལ་འདེད་མགྱོགས་མྱུར་ཐེབས་པ། གྲོང་གསེབ་ཀྱི་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་བཅས་བྱུང་ཡོད་པས། ཁྱོན་ཡོངས་ལས་དོན་ཡག་པོ་སྒྲུབ་ཆེད་འདེགས་སྐྱོར་བྱས་ཡོད་ཅེས་བཏོན་པ།
          གྲོས་ཚོགས་ཐོག་ཞིང་ལས་དེང་རབས་ཅན་ལ་འགྱུར་རྒྱུར་སྐུལ་འདེད་གཏོང་བར། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་སྲུང་མཐའ་གཅིག་ཏུ་བྱ་རྒྱུ་དེ་ལས་འགན་ཨང་དང་པོར་འཇོག་དགོས། དེ་ཡང་། གཅིག་ནི་ཞིང་ལས་ཐོན་ལས་ཅན་གོང་འཕེལ་ཤུགས་ཆེན་བཏང་ནས། ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་བཅས་མཉམ་བསྲེས་དང་མཉམ་འགུལ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། གཉིས་ནི་རྣམ་པ་མང་བའི་འོས་འཚམས་གཞི་ཁྱོན་ཁེ་གཉེར་གོང་འཕེལ་ཧུར་ཐག་གཏོང་དགོས། ས་ཞིང་ཁེ་གཉེར་དབང་ཆ་གོ་རིམ་ལྡན་པའི་སྒོ་ནས་བརྗེ་འགྱུར་བྱེད་རྒྱུར་སྣེ་འཁྲིད་དང་ཚད་ལྡན་བཟོ་དགོས་པ་དང་རིགས་ཁག་གི་རྣམ་པ་གསར་པའི་ཞིང་ལས་ཁེ་གཉེར་གཙོ་གཟུགས་གོང་འཕེལ་བཏང་ཏེ། འབྲུ་རིགས་མིན་པ་ཞེས་པ་དང་ཞིང་ལས་མིན་པ་ཞེས་པའི་སྣང་ཚུལ་མི་ཐོན་པ་བྱེད་དགོས། གསུམ་ནི་ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་ལེགས་པའི་ཞིང་ལས་འཛུགས་སྐྲུན་བྱེད་དགོས། བཞི་ནི་ཞིང་ལས་སྲིད་ཇུས་དང་མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་དགོས། ཞིང་ལས་དང་འབྲེལ་བ་ཡོད་པའི་མ་དངུལ་གཅིག་གྱུར་ཐོག་ལེགས་སྒྲིག་བྱེད་པ་དང་། ཞིང་ལས་ཐད་མ་འཇོག་དང་མ་རྩ་བསྡུ་རུབ་བྱེད་པའི་སྒྲིག་གཞི་གསར་སྐྲུན་བྱས་ཏེ། དངུལ་རྩས་ཞིང་ལས་ལ་རྒྱབ་སྐྱོར་བྱེད་པའི་ལམ་ལུགས་འཐུས་ཚང་བཟོ་དགོས། ལྔ་ནི་ཁྲོམ་ར་གཉིས་དང་ཐོན་ཁུངས་རིགས་གཉིས་བེད་སྤྱོད་ཡག་པོ་བྱེད་དགོས་པ་བཅས་ནན་སྟོན་བྱས་པ་དང་།
          གྲོས་ཚོགས་ཐོག་འབྲུ་རིགས་བརྟན་པོའི་ངང་འཕར་སྣོན་ཡོང་བ་དང་བབ་འཕར་ཡོང་བ། སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ལེགས་འགྱུར། གསར་གཏོད་སྒུལ་ཤུགས་བཅས་ཀྱི་སྤྱིའི་བླང་བྱ་གཞིར་བཟུང་། དུས་སང་གི་གྲོང་གསེབ་བསྒྱུར་བཅོས་གོང་འཕེལ་གྱི་ལས་འགན་ཁག་ལེགས་སྒྲུབ་ཡོང་གང་ཐུབ་བྱེད་དགོས་པ་དང་། གོང་འཕེལ་གཏོང་ཐབས་བརྗེ་འགྱུར་མགྱོགས་སུ་བཏང་ཏེ། ཞིང་ལས་ཀྱི་ཕྱོགས་བསྡུས་ཕན་འབྲས་དང་འགྲན་རྩོད་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། གྲོང་གསེབ་བསྒྱུར་བཅོས་སྔར་བས་གཏིང་ཟབ་ཡོང་བ་བྱེད་དགོས་པ་དང་། གྲོང་སེབ་ཀྱི་གཞི་རིམ་ཞབས་ཞུའི་རྣམ་པའི་ཏང་རྩ་འཛུགས་ཀྱི་གསར་གཏོད་ནུས་པ་དང་གོམ་བུ་སྒྲིལ་ཤུགས། དམག་འཐབ་ནུས་པ་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་ཏེ། གྲོང་གསེབ་བསྒྱུར་བཅོས་དང་གོང་འཕེལ། བརྟན་ལྷིང་བཅས་ཡོང་ཆེད་འགན་སྲུང་ནུས་ལྡན་བྱེད་དགོས་ཞེས་བཏོན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།