འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་སྲིད་གྲོས་ཀྱིས་གཟའ་འཁོར་གཉིས་ཀྱི་གྲོས་མོལ་བབཞུགས་མོལ་ཚོགས་འདུ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་24ཉིན། 10:03】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
           མི་དམངས་དྲ་བའི་འཕྲིན། རྒྱལ་ཡོངས་སྲིད་གྲོས་ཀྱིས་སྤྱི་ཚེས་༢༣ཉིན་གྱི་ཕྱི་དྲོ་མི་དམངས་ཚོགས་ཁང་ཆེན་མོར་གཟའ་འཁོར་གཉིས་ཀྱི་བཞུགས་མོལ་ཚོགས་འདུ་སྐོང་འཚོགས་བྱས་ཏེ། སྲིད་གཞུང་གི་འགན་ནུས་བརྗེ་བསྒྱུར་དང་། སྲིད་གཞུང་གི་ཡིད་རྟོན་རུང་ཤུགས་ཆེ་རུ་གཏོང་བའི་གནད་དོན་ཐད་བསམ་འཆར་དང་གྲོས་འགོ་བཏོན་པ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གིས་ཚོགས་འདུ་གཙོ་སྐྱོང་གནང་ཡོད་པ་རེད།
           ཨུ་ཡོན་ཚོས། དཔལ་འབྱོར་སྒྲིག་གཞི་བསྒྱུར་བཅོས་ཀྱི་ལྟེ་བའི་གནད་དོན་ནི་སྲིད་གཞུང་དང་ཁྲོམ་རའི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ། ཁྲོམ་རས་ཐོན་ཁུངས་ཆ་སྦྱོར་ཁྲོད་ཐག་གཅོད་རང་བཞིན་གྱི་ནུས་པ་ཐོན་པ་བྱེད་རྒྱུ་དང་། སྲིད་གཞུང་གི་ནུས་པ་འདོན་སྤེལ་གང་ལེགས་ཐུབ་པ་བྱ་ཆེད་ཡིན། ཁྲོམ་ར་ཁོ་ནར་བརྟེན་ན་འགྲིག་ཐབས་མེད་པས། སྲིད་གཞུང་གིས་དགོས་ངེས་ཀྱི་ནུས་པ་འདོན་དགོས་པ་དང་། དགོས་ངེས་ཀྱི་སྲིད་འཛིན་ཞིབ་མཆན་ལ་ཤུགས་སྣོན་རྒྱག་དགོས། ཡིན་ནའང་ད་ལྟའི་གནད་དོན་ནི་སྲིད་འཛིན་ཞིབ་མཆན་འགོད་རྒྱུ་མང་བ་དང་ཟང་ཟིང་ཆེ་བ་དེ་ཡིན་ཞིང་། སྲིད་འཛིན་ཞིབ་མཆན་ཁག་ཅིག་སྡེ་ཁག་གིས་ཁེ་ཕན་སྐྲུན་སར་འགྱུར་བམ་དབང་ཆར་བརྟེན་ནས་རང་ཕན་སྒྲུབ་པའི་ཐབས་ལམ་ཞིག་ཏུ་འགྱུར་ཡོད་པ་དང་། དེས་ཁྲོམ་རའི་དཔལ་འབྱོར་གྱི་རྒྱུན་གཏན་འཁོར་རྒྱུག་ལ་འགོག་རྐྱེན་ཚབས་ཆེན་བཟོས་ཡོད་ལ། སྲིད་གཞུང་གི་གཟུགས་བརྙན་ལ་གནོད་པས། སྲིད་འཛིན་ཞིབ་མཆན་གྱི་བསྒྱུར་བཅོས་ངེས་པར་དུ་དམ་འཛིན་བྱེད་དགོས་ཞེས་བཏོན་ཡོད་པ།
           ཨུ་ཡོན་ཚོས། སྲིད་འཛིན་ཞིབ་མཆན་འགོད་པའི་གནད་དོན་ཐག་གཅོད་ཡག་པོ་བྱེད་པར་ཐོག་མར་ཁྲིམས་ལུགས་ཀྱི་འདུ་ཤེས་ཆེ་རུ་གཏོང་དགོས་པ་སྟེ། སྲིད་གཞུང་གི་འགན་ནུས་དང་། ལས་ཀའི་འགྲོ་ལུགས། ལྟ་སྐུལ་དོ་དམ་བྱ་ཐབས་བཅས་ཁྲིམས་གཏན་ཅན་དུ་འགྱུར་བ་བྱེད་དགོས་པ་དང་། གཉིས་ནས་ཡོངས་བསྒྲགས་ཡིན་དགོས་པ་སྟེ། དབང་ཆ་ཡོངས་བསྒྲགས་དང་། གླ་རིན་བསྡུ་རྒྱུ་ཡོངས་བསྒྲགས་བྱེད་དགོས་པ་དང་། ས་གནས་ཁག་གི་དཔྱ་ཁྲལ་མིན་པའི་ཡོང་འབབ་ཀྱིས་ས་གནས་ནོར་སྲིད་ཀྱི་ཡོང་འབབ་ནང་བཟུང་བའི་བསྡུར་གྲངས་ཡོངས་བསྒྲགས་བྱས་ཏེ། མང་ཚོགས་ཀྱི་ལྟ་སྐུལ་དང་སྐུལ་འདེད་ཐུབ་པ་བྱེད་དགོས། གསུམ་ནས། བསྒྱུར་བཅོས་བྱ་ཐབས་ལེགས་བཅོས་བྱེད་དགོས་པ་དང་། ཞུགས་བདེ་བ་དང་། དོ་དམ་ནན་པ། ཆད་པ་ནན་པ་བཅས་ཀྱི་བྱ་ཐབས་བཟུང་དགོས་པའི་གྲོས་འགོ་བཏོན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།