འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།དམངས་སྲིད་པུའུ་དང་ནོར་སྲིད་པུའུ་ཡིས་རྒྱལ་ཡོངས་ཀྱི་ད་ལོའི་དགུན་ཁ་དང་སང་ལོའི་
    དཔྱིད་ཀའི་གནོད་འཚེ་ཕོག་ཁུལ་གྱི་རོགས་སྐྱོར་ལས་དོན་ལ་བཀོད་སྒྲིག་བྱས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་24ཉིན། 10:04】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
            མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་༡༢པའི་ཚེས་༢༣ཉིན་དམངས་སྲིད་པུའུ་དང་ནོར་སྲིད་པུའུ་ཡིས་མཉམ་འབྲེལ་ཐོག་སྤྱི་ལོ་༢༠༡༤ལོ་ནས་སྤྱི་ལོ་༢༠༡༥ལོའི་བར་གྱི་རྒྱལ་ཡོངས་ཀྱི་དགུན་དཔྱིད་རོགས་སྐྱོར་ལས་དོན་གྱི་བརྙན་མཐོང་གྲོས་ཚོགས་ཚོགས་པ་དང་། མིག་སྔའི་གནོད་འཚེ་ཕོག་ཁུལ་གྱི་གནོད་སེལ་ལས་དོན་གྱི་འགན་འཁྲི་དང་གནས་བབ་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱས་པ་མ་ཟད། སྔར་ལས་ལྷག་པའི་སྒོ་ནས་ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་བར་གྱི་གནོད་འཚེ་ཕོག་སའི་མང་ཚོགས་ཀྱིས་དགུན་ཁའི་འཚོ་བ་རོལ་རྒྱུའི་ལས་དོན་བཀོད་སྒྲིག་གནང་ཡོད་པ་རེད།
            ཉེ་ཆར། ནོར་སྲིད་པུའུ་དང་དམངས་སྲིད་པུའུ་ཡིས་གྲོས་བསྡུར་བྱས་ཏེ་སྤྱི་ལོ་༢༠༡༤ལོ་ནས་སྤྱི་ལོ་༢༠༡༥ལོའི་བར་གྱི་ཀྲུང་དབྱང་གི་གནོད་སེལ་མ་དངུལ་སྒོར་དུང་ཕྱུར་༧༡བཀོད་སྒྲིག་གནང་བ་དང། མི་འགྱངས་པར་གཤམ་སྤྲོད་བྱ་རྒྱུའི་སྒོར་དུང་ཕྱུར་༥༦་དང་བྱེ་བ་བརྒྱད་ནི་ས་གནས་ཁག་གི་གནོད་འཚེ་ཕོག་ཁུལ་གྱིས་གཅིག་གྱུར་བཀོད་སྒྲིག་འོག ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་མང་ཚོགས་ཀྱི་ཟ་འབྲུ་དང་གྱོན་ཆས། དྲོད་ལེན་སོགས་ཀྱི་དཀའ་ཁག་སེལ་བར་རོགས་སྐྱོར་བྱ་རྒྱུ་དང་། གནོད་པ་ཐེབས་པའི་མང་ཚོགས་ཀྱི་དགུན་ཁ་སྐྱེལ་བའི་འཚོ་བ་བཀོད་སྒྲིག་ཐད་སྤྱོད་རྒྱུ་རེད། མ་དངུལ་ལྷག་མ་དཔྱིད་གསར་དུས་ཆེན་་གྱི་སྔ་རྗེས་སུ་གཤམ་སྤྲོད་བྱ་རྒྱུ་ཡིན་པ་རེད།
            དམངས་སྲིད་པུའུ་ཡི་པུའུ་ཀྲང་གཞོན་པ་ཅང་ལེ་ཡིས་གཏམ་བཤད་ནང་། ད་ལོའི་ཚུན་ལ་རྒྱལ་ཡོངས་སུ་རིགས་མི་འདྲ་བའི་རང་བྱུང་གནོད་འཚེ་བྱུང་བ་མང་ཞིང་། གནོད་འཚེ་ཐེབས་པའི་མང་ཚོགས་ཁག་ཅིག་གི་བཟའ་བཏུང་དང་དགུན་ཁའི་དྲོད་ལེན་བཅས་ལ་དཀའ་ཁག་ཆེན་པོ་འཕྲད་ཡོད། ཐོག་མར་ལོག་པའི་ཁང་པ་བསྐྱར་བསྐྲུན་དང་གནོད་པ་ཐེབས་པའི་མ་མཐའི་འཚོ་རྟེན་འགན་སྲུང་བྱ་ཡུལ་དུད་ཁྱིམ་དང་ཐར་ཐོར་དུ་གནས་པའི་ལྔ་སྐྱོང་དུད་ཁྱིམ། དབང་བོ་སྐྱོན་ཅན་གྱི་དུད་ཁྱིམ་སོགས་དམིགས་བསལ་དཀའ་ངལ་ཅན་གྱི་མི་སྣའི་རོགས་སྐྱོར་ལ་བསམ་བློ་གཏོང་དགོས་པ་དང་། གནོད་སེལ་མ་དངུལ་བཀོལ་སྤྱོད་བྱས་པའི་ཕན་ནུས་འདོན་སྤེལ་གང་ལེགས་བྱེད་དགོས་ཞེས་གསུངས་ཡོད་པ་རེད།
           ནོར་སྲིད་པུའུ་སྤྱི་ཚོགས་འགན་སྲུང་སིའི་སི་ཀྲང་གཞོན་པ་ཆིན་པིན་གྱིས་གཏམ་བཤད་ནང་། དགུན་ཁ་དང་དཔྱིད་ཀའི་འཚོ་བའི་རོགས་སྐྱོར་ནི་གནོད་སེལ་ལས་དོན་གྱི་མ་མཐའི་འགན་སྲུང་ཡིན་ལ། གནོད་འཚེ་ཕོག་ཁུལ་མང་ཚོགས་ཀྱི་འཚོ་བའི་བརྟེན་ས་དང་དོན་དམ་གྱི་དམངས་འཚོའི་ལས་གཞི་ཞིག་ཡིན། རིམ་པ་ཁག་གི་ནོར་སྲིད་སྡེ་ཁག་གིས་དེ་ལས་དོན་གཙོ་བོར་བརྩིས་ཏེ་དམ་འཛིན་དང་ལག་བསྟར་ལེགས་པོ་བྱེད་དགོས་ཞེས་བསྟན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།