འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་དབྱང་སྒྲིག་བཤེར་ཨུ་ཡོན་ལྷན་ཁང་གིས་ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་སོགས་
    ལས་ཁུངས་ལ་སྒྲིག་བཤེར་ཚོགས་ཆུང་མངགས་གཏོང་བྱས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་12ཉིན། 13:39】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། ཏང་ནང་ཁུལ་གྱི་ལྟ་སྐུལ་ལ་ཤུགས་སྣོན་དང་། ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་སྒྲིག་གཞི་བསྒྱུར་བཅོས་གཏིང་ཟབ་བྱ་ཆེད། ཀྲུང་དབྱང་གིས་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ནས་ཀྲུང་དབྱང་གཞུང་ལས་ཐིང་དང་། ཀྲུང་དབྱང་རྩ་འཛུགས་པུའུ། ཀྲུང་དབྱང་དྲིལ་བསྒྲགས་པུའུ། ཀྲུང་དབྱང་འཐབ་ཕྱོགས་གཅིག་འགྱུར་པུའུ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ལས་ཁུངས། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ལས་ཁུངས་སོགས་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་སུ་མངགས་སྡོད་ལས་ཁུངས་7གསར་འཛུགས་བྱ་རྒྱུའི་གཏན་འབེབས་གནང་བ་རེད།
         ཏང་གི་སྒྲིག་ཡིག་ནང་གཏན་འབེབས་བྱས་པར། ཏང་གི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ལས་ཀའི་དགོས་མཁོར་གཞིགས་ཏེ། ཀྲུང་དབྱང་གི་རིམ་པ་དང་པོའི་ཏང་དང་རྒྱལ་ཁབ་ལས་ཁུངས་ལ་ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་ཚོགས་ཆུང་ངམ་སྒྲིག་ཁྲིམས་ཞིབ་བཤེར་བྱེད་མཁན་མངགས་སྡོད་བྱེད་ཆོག་གི་ཡོད་པ་རེད། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག ཀྲུང་དབྱང་སྒྲིག་བཤེར་ཨུ་ཡོན་ལྷན་ཁང་ནས་ཀྲུང་དབྱང་གི་རིམ་པ་དང་པོའི་ཏང་དང་རྒྱལ་ཁབ་ལས་ཁུངས་སུ་སྒྲིག་བཤེར་ལས་ཁུངས་མངགས་སྡོད་བྱ་རྒྱུ་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་དགོས་ཞེས་བཏོན་ཡོད་པ་རེད།
          ཀྲུང་དབྱང་སྒྲིག་བཤེར་ཨུ་ཡོན་ལྷན་ཁང་གིས་ཏང་གི་ལས་དོན་ཚན་པ་དང་མི་དམངས་འཐུས་ཚོགས་ལས་ཁུངས། སྲིད་གྲོས་ལས་ཁུངས་བཅས་སུ་སྒྲིག་བཤེར་ཚོགས་ཆུང་མངགས་སྡོད་བྱེད་པ་ནི། ཏང་གི་ལོ་རྒྱུས་ཐོག་ཐེངས་དང་པོ་ཡིན་པ་རེད། མངགས་སྡོད་ལས་ཁུངས་7གསར་འཛུགས་བྱས་པ་ནི། ཀྲུང་དབྱང་གི་རིམ་པ་དང་པོའི་ཏང་དང་རྒྱལ་ཁབ་ལས་ཁུངས་ལ་མངགས་སྡོད་ལས་ཁུངས་ཁྱོན་ཡོངས་ནས་ཁྱབ་པ་བྱེད་པའི་གལ་ཆེའི་གོམ་པ་དང་པོ་མངོན་འགྱུར་བྱུང་བ་ཞིག་ཡིན། སྤྱི་ཚེས་11ཉིན་བཏོན་པའི་ཀྲུང་དབྱང་སྒྲིག་བཤེར་ཨུ་ཡོན་ལྷན་ཁང་གི་མངགས་སྡོད་ལས་ཁུངས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར་ནང་། གཅིག་འགྱུར་འཆར་འགོད་དང་གོམ་སྟབས་དབྱེ་ནས་ལག་བསྟར་བྱེད་པ། གསར་འཛུགས་དང་ལེགས་སྒྲིག་སོགས་བྱ་ཐབས་བརྒྱུད། ཀྲུང་དབྱང་གི་རིམ་པ་དང་པོའི་ཏང་དང་རྒྱལ་ཁབ་ལས་ཁུངས་ལ་མངགས་སྡོད་ལས་ཁུངས་ཁྱོན་ཡོངས་ནས་ཁྱབ་པ་བྱེད་དགོས་ཞེས་བཏོན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།