འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱི་འབྲེལ་པུས་སྤྱི་ལོ་༢༠༡༥ལོའི་ལོ་གསར་གྱི་སྣེ་ལེན་ཚོགས་འདུ་སྐོང་ཚོགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་12ཉིན། 13:41】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། ཕྱི་འབྲེལ་པུས་སྤྱི་ཚེས་༡༡ཉིན་ཏེའོ་ཡུའི་ཐེ་རྒྱལ་མགྲོན་ཁང་ཧྥང་ཧ་ཡོན་ཚོམས་ཆེན་དུ་ཀྲུང་གོར་བཅའ་སྡོད་རྒྱལ་ཁབ་ཁག་གི་གཞུང་ཚབ་ཆེན་མོ་དང་ཀྲུང་གོར་བཅའ་སྡོད་རྒྱལ་སྤྱིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ལ་སྤྱི་ལོ་༢༠༡༥ལོའི་ལོ་གསར་གྱི་སྣེ་ལེན་ཚོགས་འདུ་སྐོང་ཚོགས་བྱས་ཡོད་པ་རེད། རྒྱལ་དོན་ཨུ་ཡོན་དབྱང་ཅེ་ཁྲེ་དང་འབྲེལ་ཡོད་ཚན་པའི་འགན་ཁུར་བ། དེ་བཞིན་རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་༣༤༠ཙམ་སྣེ་ལེན་ཚོགས་འདུར་ཞུགས་ཡོད་པ་རེད།
          ཕྱི་འབྲེལ་པུའི་པུའུ་ཀྲང་ཝང་དབྱི་ཡིས་ཤེས་ཚིག་གསུངས་སྐབས། སྤྱི་ལོ་༢༠༡༤ལོ་ནི་ཀྲུང་གོས་ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་འགོ་འཛུགས་ལོ་ཞིག་ཡིན་པ་དང་། ཀྲུང་གོའི་ཕྱི་འབྲེལ་ལ་ཁྱོན་ཡོངས་ནས་གྲུབ་འབྲས་ཐོབ་པའི་ལོ་ཞིག་ཀྱང་ཡིན། ང་ཚོས་འཛམ་གླིང་ཧྲིལ་པོའི་རོགས་པའི་འབྲེལ་བའི་དྲ་བ་ཞིག་ཧུར་ཐག་བཙུགས་པ་དང་། ཁུལ་གཅིག་དང་ལམ་གཅིག་གི་མཉམ་ལས་བསམ་ཕྱོགས་བཏོན་པ་མ་ཟད་སྐུལ་འདེད་བཏང་བ། ལེགས་གྲུབ་ལྡན་པའི་སྒོ་ནས་ཨེ་ཤ་ཡ་གླིང་གི་ཕན་ཚུན་རོགས་རེས་དང་ཡིད་རྟོན་གྱི་འཐབ་ཇུས་གྲོས་ཚོགས་དང་། ཨེ་ཤ་ཡ་གླིང་དང་ཞི་བདེ་རྒྱ་མཚོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་བཅས་རྒྱལ་སྤྱིའི་རྒྱལ་འཛོམས་ཁག་གཉིས་སྐོང་ཚོགས་བྱས་ནས། གལ་ཆེའི་གནད་དོན་རབ་དང་རིམ་པ་ཐག་གཅོད་བྱེད་པའི་ནང་ཧུར་ཐག་ཞུགས་ནས། རྒྱལ་སྤྱིའི་ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་ཆེད་འགན་ཁུར་མཁན་གྱི་རྒྱལ་ཁབ་ཆེན་པོའི་ནུས་པ་འདོན་སྤེལ་བྱས་ཡོད་ཅེས་གསུངས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།