འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་སྤྱིའི་སྤྱི་ཚོགས་ནས་ཨ་རིའི་ཀྲུང་དབྱང་གསང་འཕྲིན་ཅུད་ཀྱིས་བཙོན་པར་མནར་གཅོད་
    བཏང་བའི་བྱ་སྤྱོད་ལ་རྒོལ་གཏམ་བཏང་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་12ཉིན། 13:40】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
         མི་དམངས་དྲ་བའི་འཕྲིན། སྤྱི་ཚེས་དགུ་ཉིན་ཨ་རིའི་གྲོས་ཚོགས་སྟོད་པའི་གསང་འཕྲིན་ཨུ་ཡོན་ལྷན་ཁང་གིས་སྙན་ཞུ་སྤེལ་ནས། ཨ་རིའི་ཀྲུང་དབྱང་གསང་འཕྲིན་ཅུད་ཀྱིས་འདྲི་གཅོད་བྱེད་པའི་བརྒྱུད་རིམ་ཁྲོད་བཙོན་པར་མནར་གཅོད་བཏང་བའི་བྱ་སྤྱོད་འཐེར་འདོན་བྱས་པས། སྙན་ཞུ་དེར་རྒྱལ་སྤྱིའི་སྤྱི་ཚོགས་ནས་དོ་ཁུར་རྒྱ་ཁྱབ་བྱས་ཡོད་པ་རེད། དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཁ་མེ་ལུན་གྱིས། ཀྲུང་དབྱང་གསང་འཕྲིན་ཅུད་ཀྱིས་མནར་གཅོད་གཏོང་བ་དང་འགྲོ་བ་མིའི་ཐོབ་ཐང་ལ་བཙན་གནོད་བྱེད་པའི་བྱ་ཐབས་གཞན་དག་བེད་སྤྱད་ནས་འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་བཏང་ཚེ་མཐར་ཁེ་གྱོང་མགོ་མ་ཐུབ་ཅེས་བསྟན་ཡོད་པ་རེད། འཇར་མན་གྱི་ཕྱི་འབྲེལ་པུའུ་ཀྲང་ཧྲེ་ཐེ་དབྱིན་མེའར་གྱིས། ཀྲུང་དབྱང་གསང་འཕྲིན་ཅུད་ཀྱིས་བཙོན་པར་མནར་གཅོད་གཏོང་བ་དེ་ནི་རང་དབང་དང་དམངས་གཙོའི་རིན་ཐང་ལྟ་བ་ལས་རྒྱབ་འགལ་ཚབས་ཆེན་བྱས་པ་ཞིག་ཡིན་པས། ངེས་པར་དུ་གཏན་འགོག་མཐའ་གཅིག་ཏུ་བྱེད་དགོས་ཞེས་བསྟན་ཡོད་པ་རེད། ཧྥ་རན་སིའི་ཚགས་པར་གཙོ་བོ་སྟེ་འཛམ་གླིང་ཚགས་པར་ཞེས་པའི་དྲ་ཚིགས་ཐོག་སྤྱི་ཚེས་དགུ་ཉིན་རྩོམ་ཡིག་སྤེལ་ནས། སྙན་ཞུ་དེས་ཨ་རིའི་ཀྲུང་དབྱང་གསང་འཕྲིན་ཅུད་ཀྱིས་འདྲི་གཅོད་བྱེད་པའི་བརྒྱུད་རིམ་ཁྲོད་མནར་གཅོད་བཏང་བའི་བྱེད་སྟངས་དེ་ནི་ཁྲིམས་ལུགས་ཀྱི་ཁྱབ་ཁོངས་ལས་བརྒལ་བ་མ་ཟད་ཕོ་བྲང་དཀར་པོ་དང་གྲོས་ཚོགས་སྟོད་པར་མགོ་སྐོར་བཏང་བ་ཞིག་རེད་ཅེས་སྐྱོན་འཛུགས་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།