འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱི་འབྲེལ་པུས་ཨ་རི་ཕྱོགས་ཀྱིས་དྲང་གཞག་དྲང་སྙོམས་ཀྱི་སྒོ་ནས་ལྷོ་མཚོའི་གནད་དོན་ལ་ལྟ་སྟངས་
    འཛིན་པ་དང་ཐག་གཅོད་བྱ་རྒྱུར་ཀྲུང་གོ་ཕྱོགས་ཀྱིས་སྐུལ་འདེད་གཏོང་གི་ཡོད་ཅེས་བརྗོད་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་11ཉིན། 14:24】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཨ་རིའི་རྒྱལ་དོན་ཁང་གི་དྲ་ཚིགས་ཐོག“རྒྱ་མཚོའི་དབྱེ་མཚམས—ཀྲུང་གོའི་ལྷོ་མཚོར་འཛིན་པའི་ཀྲུང་གོ་རྒྱ་མཚོའི་འདོད་ཚུལ”ཞེས་འགོ་བརྗོད་དུ་འཁོད་པའི་སྙན་ཞུ་སྤེལ་བར་དམིགས་ནས་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧུང་ལེས་ཚེས་9ཉིན་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་ཨ་རི་ཕྱོགས་ལ་ཁས་ལེན་དམ་སྲུང་གིས་དྲང་གཞག་དྲང་སྙོམས་ངང་ལྷོ་མཚོའི་གནད་དོན་ལ་ལྟ་སྟངས་འཛིན་པ་དང་ཐག་གཅོད་བྱ་རྒྱུར་སྐུལ་མ་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།
         ཧུང་ལེས་ལྷོ་མཚོར་འཛིན་པའི་བདག་དབང་དང་འབྲེལ་ཡོད་དབང་ཆའི་སྐོར་གྱི་ཀྲུང་གོའི་འདོད་ཚུལ་ནི་ཡུན་རིང་གི་བརྒྱུད་རིམ་ནང་རིམ་བཞིན་ཆགས་པ་དང་འབྲེལ་ཀྲུང་གོ་སྲིད་གཞུང་སྐབས་རིམ་བྱུང་གིས་ཡུན་རིང་མཐའ་འཁྱོངས་བྱས་ཡོད། འབྲེལ་ཡོད་དོ་བདག་རྒྱལ་ཁབ་དང་མཉམ་དུ་ལོ་རྒྱུས་ཀྱི་དོན་དངོས་དང་རྒྱལ་སྤྱིའི་བཅའ་ཁྲིམས་ལ་བརྩི་འཇོག་ཞུ་བའི་རྨང་གཞིའི་ཐོག་ཐད་ཀའི་གྲོས་མོལ་དང་མཛའ་གྲོགས་གྲོས་མོལ་བྱས་པ་བརྒྱུད་ནན་ཧྲ་གླིང་ཚོམ་གྱི་གླིང་ཕྲན་གྱི་ས་ཆ་ཁག་གཅིག་གི་རྩོད་གཞི་དང་ལྷོ་མཚོའི་མཚོ་ཁོངས་ཁག་གཅིག་གི་རྒྱ་མཚོའི་ཁེ་དབང་གི་འདོད་ཚུལ་གཅིག་ཐོག་ཉིས་བརྩེགས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུར་སྔ་ཕྱི་བར་གསུམ་དུ་གཞོལ་ཡོད་ཅེས་བཤད་པ་རེད། ཧུང་ལེས་ཨ་རི་ཕྱོགས་ཀྱི་སྙན་ཞུའི་ནང་གཞི་རྩའི་དོན་དངོས་དང་རྒྱལ་སྤྱིའི་ཁྲིམས་གཞི་སྣང་མེད་དུ་བཞག་པ་དང་དེས་བྱས་པའི་ལྷོ་མཚོའི་གནད་དོན་ལ་ལངས་ཕྱོགས་མི་འཛིན་པ་དང་ཕྱོགས་ལྷུང་མི་བྱེད་པའི་ཁས་ལེན་ལས་འགལ་བ་དེ་ནི་ལྷོ་མཚོའི་རྩོད་གཞི་ཐག་གཅོད་བྱ་རྒྱུ་དང་ལྷོ་མཚོ་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་ལ་ཕན་ཐོགས་སྤུ་ཙམ་ཡང་མེད་ཅེས་བཤད་པ་རེད། ཁོང་གིས“ཨ་རི་ཕྱོགས་ལ་ཁས་ལེན་དམ་སྲུང་དང་གཏམ་སྤྱོད་གཟབ་ནན་གྱིས་དྲང་གཞག་དྲང་སྙོམས་ཀྱི་སྒོ་ནས་འབྲེལ་ཡོད་གནད་དོན་ལ་ལྟ་སྟངས་འཛིན་པ་དང་ཐག་གཅོད་བྱེད་དགོས”ཞེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།