འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་12ཉིན།
  • མི་དམངས་དྲ་བ།>>འཕྲིན་གསར་གཡུ་ཡི་མེ་ལོང་།

    ༄༅།།༢༠༡༤ལོའི་ནོ་པེ་ཞི་བདེའི་གཟེངས་རྟགས་གནང་བའི་མཛད་སྒོ་ཨོ་སི་ལུའུ་རུ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་11ཉིན། 14:28】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
    ༄༅།།༢༠༡༤ལོའི་ནོ་པེ་ཞི་བདེའི་གཟེངས་རྟགས་གནང་བའི་མཛད་སྒོ་ཨོ་སི་ལུའུ་རུ་འཚོགས་པ།
        མི་དམངས་དྲ་བའི་འཕྲིན། ནོ་པེ་གཟེངས་རྟགས་ཀྱི་གཞུང་ཕྱོགས་དྲ་བར་བཀོད་པའི་གནས་ཚུལ་ལྟར་ན། སྤྱི་ཟླ་༡༢བའི་ཚེས་༡༠ཉིན་ཏེ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོར། ༢༠༡༤ལོའི་ནོ་པེ་ཞི་བདེའི་གཟེངས་རྟགས་གནང་བའི་མཛད་སྒོ་ནོར་ཝེ་རྒྱལ་ཁབ་ཀྱི་རྒྱལ་ས་ཨོ་སི་ལུའུ་རུ་འཚོགས་ཤིང་། མཛད་སྒོའི་ཐོག་ནོ་པེ་ཨུ་ཡོན་ལྷན་ཚོགས་ཀྱི་འགན་འཛིན་ཐོར་པེ་ཅོན་ཡཱ་གེ་ལན་གྱིས་གཟེངས་རྟགས་ཐོབ་མཁན་གཉིས་ཁྱབ་བསྒྲགས་གནང་བ་དང་། ནོ་པེ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་བྱིས་པའི་ཁེ་དབང་ངམ་ཐོབ་ཐང་རྩོད་ལེན་མཁན་རྒྱ་གར་བ་སཱ་ཏི་ཡར་ཤི་དང་། བུད་མེད་ཀྱི་སློབ་གསོའི་ཁེ་དབང་ངམ་ཐོབ་ཐང་རྩོད་ལེན་བྱས་པར་བརྟེན་ཐཱ་ལི་པན་རྩ་འཛུགས་ཀྱི་མེ་མདའ་ཕོག་པའི་ཕ་ཁི་སི་ཐན་གྱི་བུ་མོ་ལོ་བཅུ་བདུན་ཅན་མཱ་ལ་ལ་ཡོའུ་སཱ་ཧྥུ་ཀྲ་དབྱེ་གཉིས་ལ་གཟེངས་རྟགས་ཀྱི་རྟགས་མ་གནང་འདུག
         ༢༠༠༩ལོ་ནས་བཟུང་། ལོ་ན་༡༣ལའང་སླེབས་མེད་པའི་མཱ་ལ་ལ་ཡིས་དབྱིན་ཇིའི་རླུང་འཕྲིན་ལས་ཁུངས་ཀྱི་དྲ་ཟིན་ཐོག་ཐཱ་ལི་པན་རྩ་འཛུགས་ཀྱིས་བུ་མོ་རྣམས་སློབ་གྲྭར་འགྲོ་བར་བཀག་འགོག་བྱེད་པའི་སྐོར་གྱི་སྲིད་ཇུས་དང་འཇིགས་སྐུལ་བྱ་འགུལ་དག་རང་གི་མྱོང་བ་དངོས་དང་འབྲེལ་ནས་མཚང་བྲུས་ཤིང་། ཁོ་མོས་སྨྱུ་གུ་དང་དཔེ་དེབ་གཉིས་ལ་བརྟེན་ནས་འཛམ་གླིང་སྒྱུར་བཅོས་བྱེད་ཐུབ་པའི་ལྟ་བ་བཏོན།
         ༢༠༡༢ལོའི་ཟླ་༡༠ཚེས་༩ཉིན། ཐཱ་ལི་པན་རྩ་འཛུགས་ཀྱིས་མཱ་ལ་ལར་མེ་མདའ་ཡིས་བརྒྱབ་ནས་མགོ་ལ་ཕོག་ནས་རྨས་ཕོག   དེ་རྗེས་ཁོ་མོ་དབྱིན་ཇིར་བྲོས་བྱོལ་ནས་སྨན་བཅོས་བྱས། ཐཱ་ལི་པན་རྩ་འཛུགས་ཀྱིས་ད་དུང་མུ་མཐུད་དུ་ཁོང་མོ་གསོད་ཐབས་བྱེད་བཞིན་ཡོད།
         ༢༠༡༣ལོའི་ཟླ་བཞི་བར། མཱ་ལ་ལ་ཨ་རིའི་༼དུས་རབས་༽ཞེས་པའི་དུས་དེབ་སྐད་གྲགས་ཅན་གྱི་མདུན་ཤོག་ཏུ་བཀོད་པ་མ་ཟད། འཛམ་གླིང་ཡོངས་ཀྱི་ཤུགས་རྐྱེན་ཆེས་ཆེ་བའི་མི་བརྒྱའི་གྲས་སུ་བདམས། ལོ་དེའི་ཟླ་བདུན་པར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཁོ་མོའི་སྐྱེས་སྐར་དེ་མཱ་ལ་ལའི་ཉིན་མོ་ཞེས་པར་གཏན་འཁེལ་བྱས། ཟླ་བཅུ་གཅིག་པར་ཨ་རིའི་སྲིད་འཛིན་ཨའོ་པ་མས་ཕོ་བྲང་དཀར་པོ་རུ་ཁོ་མོར་མཇལ་འཕྲད་གནང་།
          སཱ་ཏི་ཡར་ཤི་ནི་རྒྱ་གར་གྱི་བྱིས་པའི་ཐོབ་ཐང་རྩོད་ལེན་མཁན་སྐད་གྲགས་ཅན་ཞིག་ཡིན་ཞིང་། ཁོང་གིས་ཞི་བདེའི་དེད་དཔོན་ཀན་ཏི་ཡི་འཚེ་མེད་ཞི་བའི་དགོངས་པ་རྒྱུད་འཛིན་གནང་ནས། བཤུ་གཞོག་འོག་ཚུད་པའི་བྱིས་པ་རྣམས་ཀྱི་ཁེ་དབང་ཆེད་ཞི་བདེའི་ཁྲོམ་སྐོར་ཐེངས་མང་རིང་རྩ་འཛུགས་གནང་བ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བྱིས་པའི་ཁེ་དབང་ལ་མཐོང་ཆེན་བྱེད་དགོས་པའི་འབོད་སྐུལ་གནང་།
    ༄༅།།༢༠༡༤ལོའི་ནོ་པེ་ཞི་བདེའི་གཟེངས་རྟགས་གནང་བའི་མཛད་སྒོ་ཨོ་སི་ལུའུ་རུ་འཚོགས་པ།
      

    ཕྱོགས་བསྡུས་གསར་འགྱུར།