འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་12ཉིན།
  • མི་དམངས་དྲ་བ།>>འཕྲིན་གསར་གཡུ་ཡི་མེ་ལོང་།

    ༄༅།།བོད་ཀྱི་གཙོ་གནད་དཔེ་རྙིང་ཉར་ཚགས་ཡོངས་བཤེར་བྱེད་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་12ཉིན། 08:57】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         ཉེ་ཆར་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་དང་། ཕོ་བྲང་པོ་ཏ་ལའི་དོ་དམ་ཁྲུའུ། ནོར་བུ་གླིང་གའི་དོ་དམ་ཁྲུའུ། བོད་ལྗོངས་ཡིག་ཚགས་ཁང་། ས་སྐྱ་དགོན་པ། འབྲས་སྤུངས་དགོན་པ་བཅས་ཚན་པ་དྲུག་གིས་བོད་ལྗོངས་ཀྱི་གཙོ་གནད་གནའ་དཔེ་ཉར་ཚགས་ཡོངས་བཤེར་གྱི་ལས་དོན་སྒྲུབ་འགོ་ཚུགས་པ་རེད། ངོ་སྤྲོད་ལྟར་ན་ཚན་པ་དྲུག་པོ་འདི་ནི་བོད་ཀྱི་དཔེ་དེབ་བམ་པོ་མང་ལ་ཡིག་ཚོགས་ཆེ་བའི་རྩ་ཆེའི་དཔེ་རྙིང་ཡོད་པ་དག་ཡིན་པས། བོད་ཀྱི་གནའ་དཔེ་ཉར་ཚགས་ཚན་པ་མང་པོའི་ནང་ནས་གནའ་དཔེ་ཉར་ཚགས་ཕུན་སུམ་ཚོགས་ཤོས་དང་སྣ་ཁ་མང་ཤོས་ཀྱི་ཉར་ཚགས་ཚན་པ་ཡིན་པ་རེད།
         མིག་སྔའི་བར་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་དང་། ཕོ་བྲང་པོ་ཏ་ལའི་དོ་དམ་ཁྲུའུ། བོད་ལྗོངས་ཡིག་ཚགས་ཁང་། ནོར་བུ་གླིང་གའི་དོ་དམ་ཁྲུའུ་བཅས་ཚན་པ་༤ནི་༼རྒྱལ་ཡོངས་གནའ་དཔེ་ཉར་ཚགས་གཙོ་གནད་ཚན་པའི་༽ནང་ཚུད་ཡོད་པ་དང་། དུས་མཚུངས་སུ་ཕོ་བྲང་པོ་ཏ་ལ་དང་། བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་། ནོར་བུ་གླིང་ག  ས་སྐྱ་དགོན་པ་བཅས་ཀྱི་གནའ་དཔེའི་ཚད་ལྡན་ཡིག་ཆ་༡༢༤ནི་<<རྒྱལ་ཁབ་ཀྱི་གནའ་དཔེ་རྩ་ཆེའི་མིང་གཞུང་>>ཁག་བཞི་པའི་ནང་ཚུད་ཡོད། བོད་ཀྱི་གནའ་དཔེ་རྩ་ཆེན་བམ་པོ་༡༥༨ནི་རྒྱལ་ཁབ་གནའ་དཔེ་རྩ་ཆེའི་མིང་གཞུང་དུ་ཚུད་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།