འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ནག་ཆུ་ས་ཁུལ་གྱི་སྐབས་བརྒྱད་པའི་འབྲོག་ཟོག་ཐོན་རྫས་ཀྱི་ཚོང་འདུས་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་12ཉིན། 09:43】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ནག་ཆུ་ས་ཁུལ་གྱི་རྫོང་ཁག་གི་འབྲོག་ལས་འཕེལ་རྒྱས་ཀྱི་གྲུབ་འབྲས་ཁྱོན་ཡོངས་ནས་མངོན་པ་དང་། ཞིང་འབྲོག་པའི་ཐོན་རྫས་ཁྲོམ་རར་མཁོ་སྤྲོད་བྱེད་ནུས་དང་ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་སྔར་བས་ཆེ་རུ་གཏོང་བ། བྱང་རྩྭ་ཐང་གི་ལྗང་མདོག་འབྲོག་ཟོག་ཐོན་རྫས་ཀྱི་སྤུས་རྟགས་གཏོད་རྒྱུ་བཅས་ཀྱི་ཆེད། ནག་ཆུ་ས་ཨུད་དང་སྲིད་འཛིན་ཀུང་ཧྲུའུ་ཡིས་ཞིབ་འཇུག་བྱས་པ་བརྒྱུད་ཟླ་༡༢ཚེས་༡༡ནས་ཚེས་༡༥ཉིན་བར་སྐབས་བརྒྱད་པའི་འབྲོག་ཟོག་ཚོང་འདུས་འཚོག་རྒྱུའི་གཏན་འབེབས་བྱས་པ་རེད།
         རྒྱུས་ལོན་བྱུང་བ་ལྟར་ན། ད་རེས་ཀྱི་ཚོང་འདུས་ཐོག་འབྲོག་ལས་འཕེལ་རྒྱས་གཏོང་སྟངས་གཙོ་བོར་བྱེད་པ་དང་། ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་བ་དང་འབྲོག་ཟོག་ཐོན་རྫས་ཀྱི་ཁྲོམ་ར་རྒྱ་བསྐྱེད་དུ་གཏོང་རྒྱུ་དམིགས་ཡུལ་དུ་བྱས་ཏེ་འབྲོག་ལས་གྲུབ་ཆ་ལེགས་སྒྲིག་བྱ་རྒྱུར་སྐུལ་མ་གཏོང་བ་དང་། འབྲོག་ལས་ཐོན་ལས་ཅན་གྱི་གོམ་སྟབས་མགྱོགས་སུ་གཏོང་བ། རང་བྱུང་གི་གནོད་འཚེ་འགོག་ནུས་ཆེ་རུ་ཏན་ཏིག་གཏོང་བ། རྩྭ་རའི་གནོན་ཤུགས་ཆུང་དུ་ཏན་ཏིག་གཏོང་བ། རང་སྐྱོང་ལྗོངས་ཕྱི་ནང་དང་འབྲོག་ཟོག་ཐོན་རྫས་མཉམ་ལས་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ། ནུས་ཤུགས་ཡོད་རྒུས་ཐོན་ལས་དང་པོའི་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་དང་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་འབྲོག་ཁུལ་ལེགས་ལ་མྱུར་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་གཏོང་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།