འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁྱིམ་ཚང་དབུལ་པོ་ཁྲི་༧བདེ་སྡོད་ཁང་པའི་ནང་སྡོད་རྒྱུ་བྱུང་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་12ཉིན། 09:50】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་གྱི་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིང་གིས་མཁོ་འདོན་བྱས་པའི་གྲངས་གཞིར་གཞིགས་ན། འདི་ལོའི་ཟླ་༡༡པའི་ཟླ་མཇུག་བར་མཚོ་སྔོན་ཞིང་ཆེན་གྱིས་༢༠༡༤ལོར་གྲོང་ཁྱེར་དང་གྲོང་རྡལ་གྱི་འགན་ལེན་རང་བཞིན་གྱི་སྡོད་ཁང་ཁྲི་༡༡.༠༥འཛུགས་སྐྲུན་བྱེད་འགོ་ཚུགས་པ་དང་སྡོད་ཁང་ཁྲི་༨.༠༩གཞི་རྩའི་ཐོག་བསྐྲུན་ཟིན་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁྱིམ་ཚང་དབུལ་པོ་ཁྲི་༧.༥༨སྤོས་ཟིན་པ་རེད།
         ནུབ་རྒྱུད་ཀྱི་འཕེལ་རྒྱས་འགོར་བའི་ས་ཁུལ་ཡིན་པའི་མཚོ་སྔོན་ཞིང་ཆེན་དུ་གྲོང་ཁྱེར་དང་གྲོང་རྡལ་གྱི་མ་མཐའི་འཚོ་བའི་འགན་ལེན་གྱི་མི་འབོར་ཁོ་ན་ཁྲི་༢༣.༥ཟིན་པ་དེས་གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མིའི་མི་འབོར་གྱི་བཅུ་ཆ་གཅིག་ཙམ་བཟུང་ཡོད། སྡོད་སའི་ཁང་པ་ཡོད་པའི་འགན་ལེན་སྡོད་ཁང་གི་དམིགས་ཚད་མངོན་འགྱུར་བྱ་ཆེད། མཚོ་སྔོན་ཞིང་ཆེན་གྱིས་ཉེ་བའི་ལོ་ཤས་རིང་སྲིད་གཞུང་གི་མ་དངུལ་མང་དུ་གཏོང་བ་དང་། ཡིད་རྟོན་དངུལ་བུན་གཏོང་ཤུགས་ཆེ་རུ་གཏོང་བ། ས་ཆ་མཁོ་འདོན་འགན་ལེན། ཁྲལ་དངུལ་ཆག་ཡང་དང་རྩ་ཆག་དོན་འཁྱོལ་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད། འགན་ལེན་སྡོད་ཁང་འཛུགས་སྐྲུན་བྱེད་པའི་ཁྲོད་ཀྱི་མ་དངུལ་དང་ས་ཆ་མི་འདང་བ་སོགས་ཀྱི་གནད་དོན་ནུས་ལྡན་ངང་ཞི་ལྷོད་དུ་བཏང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།