འཚོལ་བཤེར།   
藏文频道
2014ལོའི་ཟླ་10ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།ཚྭ་མཚོའི་ཐོན་སྐྱེད་བྱེད་ཐབས་སྣ་གཅིག་ཅན་ནས་སྣ་མང་ཅན་དུ་སྒྱུར་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་14ཉིན། 14:36】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
    ༄༅།།ཚྭ་མཚོའི་ཐོན་སྐྱེད་བྱེད་ཐབས་སྣ་གཅིག་ཅན་ནས་སྣ་མང་ཅན་དུ་སྒྱུར་བ།
        ཟླ་༡༠ཚེས་༡༣ཉིན་མཚོ་བོད་གཞུང་ལམ་དང་ཁྲོན་བོད་གཞུང་ལམ་གྱི་བཅར་འདྲི་ཚོགས་པ་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གཏེར་ལེན་རྫོང་ཚྭ་ཁ་གྲོང་རྡལ་དུ་འབྱོར་ཏེ་མཚོ་སྔོན་ཚྭ་མཚོ་ཡུལ་སྐོར་ཀུང་སིའི་ལུའུ་སྤྱི་གཉེར་བར་བཅའ་འདྲི་བྱས། ལུའུ་སྤྱི་གཉེར་གྱིས་ཚྭ་མཚོ་ནི་ཁྲའེ་ཏ་མོ་གཤོང་སའི་ཚྭ་མཚོ་བཞི་ཡི་ཁྲོད་ཐོན་སྐྱེད་བྱས་པ་ཆེས་སྔ་བ་དེ་ཡིན་ལ། ད་སྐབས་བར་དུ་ལོ་ངོ་༣༠༠༠ལྷག་གི་ཐོན་སྐྱེད་ལོ་རྒྱུས་ལྡན། གཞུང་ལམ་དང་ལྕགས་ལམ་སྔ་གཞུག་ཏུ་ལེགས་འགྲུབ་བྱུང་ནས་འགྲིམ་འགྲུལ་སྟབས་བདེ་པོར་ཕྱིན་པ་དང་བསྟུན་ནས། ས་ཆ་འདིར་ཡུལ་སྐོར་སྤྲོ་འཆམ་དུ་ཕེབས་མཁན་ཡང་མང་དུ་སོང་ཡོད་པས། ཚྭ་མཚོ་དོ་དམ་བྱེད་མཁན་ཚོས་དེ་སྔོན་གྱི་སྣ་གཅིག་ཐོན་སྐྱེད་བྱེད་ཐབས་སྣ་མང་ཐོན་སྐྱེད་བྱེད་ཐབས་སུ་སྒྱུར་བ་མ་ཟད། ཁོ་ཚོས་ཚྭ་མཚོའི་སྣོད་བཅུད་ཁོར་ཡུག་ལ་གཞིགས་ནས་ཚྭ་མཚོ་ཡང་བསྐྱར་ཐོན་སྐྱེད་བྱེད་ཐབས་ཀྱི་ཐབས་ལམ་མཉམ་སྤྱོད་བྱས་ཏེ་གནའ་བོའི་ཚ་མཚོ་འདིར་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཞིག་བསྣམས་ཅི་ཐུབ་བྱེད་ཀྱི་ཡོད་པ་རེད།
    ༄༅།།ཚྭ་མཚོའི་ཐོན་སྐྱེད་བྱེད་ཐབས་སྣ་གཅིག་ཅན་ནས་སྣ་མང་ཅན་དུ་སྒྱུར་བ།
      

    ཕྱོགས་བསྡུས་གསར་འགྱུར།