འཚོལ་བཤེར།   
藏文频道
2015ལོའི་ཟླ་1ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།བློ་མཐུན་ཀྲང་ཀའོ་ལི་མཚམས་སྦྱོར་མདོར་བསྡུས་བྱེད་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་14ཉིན། 09:53】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
    ༄༅།།བློ་མཐུན་ཀྲང་ཀའོ་ལི་མཚམས་སྦྱོར་མདོར་བསྡུས་བྱེད་པ།
        ཀྲང་ཀའོ་ལི། ཕོ། རྒྱ་རིགས། 1946ལོའི་ཟླ་11པར་འཁྲུངས། ཕུ་ཅན་ཅི་ཅང་ནས་ཡིན་པ། 1970ལོའི་ཟླ་8པའི་ནང་ལས་ཀར་ཞུགས་པ། 1973ལོའི་ཟླ་12པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། ཞ་མོན་སློབ་ཆེན་དཔལ་འབྱོར་ཚན་ཁག་གི་འཆར་འགོད་བསྡོམས་རྩིས་ཆེད་ལས་ནས་ཐོན། སློབ་གྲྭ་ཆེ་མོའི་སློབ་རྒྱུས་ལྡན། ད་ལྟ་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཡིན།
         1965ལོ་ནས་1970ལོ་བར་ཞ་མོན་སློབ་ཆེན་དཔལ་འབྱོར་ཚན་ཁག་གི་འཆར་འགོད་བསྡོམས་རྩིས་ཆེད་ལས་སུ་སློབ་སྦྱོང་གནང་། 1970ལོ་ནས་1977ལོ་བར་རྡོ་སྣུམ་པུའི་ཀོང་ཏུང་མའོ་མིང་རྡོ་སྣུམ་ཀུང་སིའི་བཟོ་པ་དང་ཐོན་སྐྱེད་བཀོད་འདོམས་པུའི་གཞུང་ལས་ཁང་གི་དྲུང་ཡིགཆབ་སྲིད་པུའི་སྡེ་ཚོགས་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་དང་ཀུང་སིའི་སྡེ་ཚོགས་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་བཅས་གནང་། 1977ལོ་ནས་1980ལོ་བར་རྡོ་སྣུམ་པུའི་ཀོང་ཏུང་མའོ་མིང་རྡོ་སྣུམ་ཀུང་སིའི་རྡོ་སྣུམ་བཙོ་སྦྱང་བཟོ་གྲྭའི་འཁོར་ཁང་དང་པོའི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་དང་། སློབ་སྟོན་པ། བཟོ་གྲྭའི་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཧྲུའུ་ཅི་བཅས་གནང་། 1980ལོ་ནས་1984ལོ་བར་རྡོ་སྣུམ་པུའི་མའོ་མིང་རྡོ་སྣུམ་བཟོ་ལས་ཀུང་སིའི་ཏང་ཨུད་ཀྱི་རྒྱུན་ཨུ་དང་། འཆར་གཞི་ཁྲུའུ་ཡི་ཁྲུའུ་ཀྲང་། ཅིང་ལི་གཞོན་པ་བཅས་གནང་། 1984ལོ་ནས་1985ལོ་བར་ཀོང་ཏུང་ཞིང་ཆེན་མའོ་མིང་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཀྲུང་གོ་རྡོ་སྣུམ་རྫས་འགྱུར་སྤྱི་ཁྱབ་ཀུང་སིའི་མའོ་མིང་རྡོ་སྣུམ་བཟོ་ལས་ཀུང་སིའི་ཅིང་ལི་གནང་། 1985ལོ་ནས་1988ལོ་བར་ཀོང་ཏུང་ཞིང་ཆེན་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དང་ཏང་ཙུའུ་ཡི་ཧྲུའུ་ཅི་གནང་། 1988ལོ་ནས་1992ལོ་བར་ཀོང་ཏུང་ཞིང་ཆེན་གྱི་ཧྲེང་ཀྲང་གཞོན་པ་༼དེའི་རིང་1990ལོའི་ཟླ་4པ་ནས་ཟླ་7པ་བར་ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་པའི་ཟབ་སྦྱོང་འཛིན་གྲྭར་སློབ་སྦྱོང་གནང་༽གནང་། 1992ལོ་ནས་1993ལོ་བར་ཀོང་ཏུང་ཞིང་ཆེན་གྱི་ཧྲེང་ཀྲང་གཞོན་པ་དང་ཞིང་ཆེན་འཆར་གཞི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དང་ཏང་ཙུའུ་ཡི་ཧྲུའུ་ཅི་གཅིག་ལྕོགས་གནང་། 1993ལོ་ནས་1994ལོ་བར་ཀོང་ཏུང་ཞིང་ཆེན་ཨུ་ལྷན་གྱི་རྒྱུན་ཨུ་དང་ཧྲེང་ཀྲང་གཞོན་པ་དང་ཞིང་ཆེན་འཆར་གཞི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དང་ཏང་ཙུའུ་ཡི་ཧྲུའུ་ཅི་གཅིག་ལྕོགས་གནང་། 1994ལོ་ནས་1997ལོ་བར་ཀོང་ཏུང་ཞིང་ཨུད་ཀྱི་རྒྱུན་ཨུ་དང་།ཧྲེང་ཀྲང་གཞོན་པ།ཀྲུའུ་ཅང་ཟུར་གསུམ་གླིང་དཔལ་འབྱོར་ཁུལ་གྱི་འཆར་འགོད་མཐུན་སྦྱོར་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་གནང་། 1997ལོ་ནས་1998ལོ་བར་ཀོང་ཏུང་ཞིང་ཨུད་ཀྱི་རྒྱུན་ཨུ་དང་།ཧྲེང་ཀྲང་གཞོན་པ།ཧྲེན་ཀྲེན་གྲོང་ཨུད་ཀྱི་ཧྲུའུ་ཅི་བཅས་གནང་། 1998ལོ་ནས་2000ལོ་བར་ཀོང་ཏུང་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཧྲེན་ཀྲེན་གྲོང་ཨུད་ཀྱི་ཧྲུའུ་ཅི་གནང་། 2000ལོ་ནས་2001ལོ་བར་ཀོང་ཏུང་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་།ཧྲེན་ཀྲེན་གྲོང་ཨུད་ཀྱི་ཧྲུའུ་ཅི།གྲོང་ཁྱེར་མི་དམངས་འཐུས་ཚོགས་ཨུ་ལྷན་གྱི་ཀྲུའུ་རེན་བཅས་གནང་། 2001ལོ་ནས་2002ལོ་བར་ཧྲན་ཏུང་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། ཧྲེན་ཀྲང་ལས་ཚབ། ཧྲེང་ཀྲང་བཅས་གནང་། 2002ལོ་ནས་2003ལོ་བར་ཧྲན་ཏུང་ཞིང་ཨུད་ཀྱི་ཧྲུའུ་ཅི་དང་ཧྲེང་ཀྲང་གནང་། 2003ལོ་ནས་2007ལོ་བར་ཧྲན་ཏུང་ཞིང་ཨུད་ཀྱི་ཧྲུའུ་ཅི་དང་ཞིང་ཆེན་མི་དམངས་འཐུས་ཚོགས་ཨུ་ལྷན་གྱི་ཀྲུའུ་རེན་གནང་། 2007ལོ་ནས་2007ལོ་བར་ཐེན་ཅིང་གྲོང་ཨུད་ཀྱི་ཧྲུའུ་ཅི་གནང་། 2007ལོ་ནས་2012ལོ་བར་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཐེན་ཅིང་གྲོང་ཨུད་ཀྱི་ཧྲུའུ་ཅི་གནང་། 2012ལོ་ནས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་ཐེན་ཅིང་གྲོང་ཨུད་ཀྱི་ཧྲུའུ་ཅི་གནང་། སྐབས་བཅོ་ལྔ་པའི་ཀྲུང་དབྱང་གི་རྗེས་སྣོན་ཨུ་ཡོན་དང་། སྐབས་བཅུ་དྲུག་པ་དང་བཅུ་བདུན་པ། བཅོ་བརྒྱད་པ་བཅས་ཀྱི་ཀྲུང་དབྱང་ཨུ་ཡོན།  སྐབས་བཅུ་བདུན་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་རྒྱུན་ཨུ་བཅས་གནང་།
      

    ཕྱོགས་བསྡུས་གསར་འགྱུར།