འཚོལ་བཤེར།   
藏文频道
2014ལོའི་ཟླ་10ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་ལ་བོད་ལྗོངས་ཀྱི་ཏང་ཡོན་ལས་བྱེད་པའི་ཁྲོད་
    ཚུར་སྣང་ལན་ཆ་དྲག་པོ་བྱུང་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་14ཉིན། 10:14】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        “སྤྱོད་ཚུལ་འཛུགས་སྐྱོང་ནམ་ཡང་མཇུག་འགྲིལ་མེད”“ལོ་རྒྱུས་ཀྱི་འགན་འཁྲི་གཟི་བརྗིད་ཇི་ཙམ་ཆེ་བ་དང་།འབད་འཐབ་ཀྱི་དམིགས་ཚད་ཇི་ཙམ་རྔམ་བརྗིད་ཆེ་བ། སྲིད་འཛིན་གྱི་ཁོར་ཡུག་ལ་རྙོག་འཛིང་ཇི་ཙམ་ཆེ་ན།ང་ཚོས་སེམས་ཁྲལ་གྱི་འདུ་ཤེས་དེ་ཙམ་ཆེན་པོ་བཙུགས་ནས་ཏང་འཛུགས་སྐྱོང་དེ་ཙམ་ནན་པོ་བྱེད་དགོས”ལ་སོགས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་ཕྱོགས་སྡོམ་ཚོགས་ཆེན་ཐོག་གི་གསུང་བཤད་གལ་ཆེན་ལ་རང་ལྗོངས་ཀྱི་ཏང་ཡོན་ལས་བྱེད་པའི་ཁྲོད་ཚུར་སྣང་ལན་ཆ་དྲག་པོ་བྱུང་ཞིང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་ནང་གྲུབ་འབྲས་སྐོར་དོན་དངོས་དང་མཐུན་པ་དང་།གནད་དོན་སྐོར་གནད་ལ་འཁེལ་བ། ཕྱོགས་བསྡུས་གནང་བའི་ཉམས་མྱོང་སྐོར་ཧ་ཅང་རྩ་ཆེ་བ།
        ཏང་བཅོས་སྐྱོང་ནན་པོ་བྱ་རྒྱུའི་ཐད་ཀྱི“ལས་འགན་བརྒྱད”ཁ་གསལ་ཞིང་ཞིབ་ཅིང་ཕྲ་བ་བཅས་ཡོད་པས།དུས་བབ་གསར་པའི་འོག་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་དང་ཏང་བཅོས་སྐྱོང་ནན་པོ་བྱེད་རྒྱུ་མཐའ་འཁྱོངས་བྱ་རྒྱུའི་ཐད་བསྐྱར་དུ་སྐུལ་སློང་དང་བཀོད་སྒྲིག་གནང་འདུག་ཅེས་བཤད་པ་རེད།
        ཆབ་མདོ་ས་ཁུལ་སྒྲིག་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཁྲེན་ལེས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱིས་སློབ་གསོ་ལག་ལེན་བྱེད་སྒོར་ཕྱོགས་སྡོམ་གནང་བ་མ་ཟད།སློབ་གསོ་ལག་ལེན་བྱེད་སྒོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཏང་བཅོས་སྐྱོང་ནན་པོ་བྱེད་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་ཀྱི་བཀོད་སྒྲིག་ཀྱང་གནང་ཡོད་པས། དེ་ནི་ཏང་བཅོས་སྐྱོང་ནན་པོ་བྱེད་རྒྱུར་སྐུལ་འདེད་གཏོང་བའི་ལས་འགན་ཡི་གེ་དང་། འགན་འཁྲིའི་བཀའ་རྒྱ། ལམ་རིས་བཅས་ཡིན་པ་དང་། ལྷག་པར་དུ་ཏང་དོ་དམ་དང་བཅོས་སྐྱོང་བྱེད་རྒྱུར་དོ་སྣང་མི་བྱེད་པ་དང་ལས་བྱེད་པར་དོ་དམ་ནན་པོ་མི་བྱེད་པ་སོགས་ཀྱི་གནད་དོན་སྐོར་གནད་འཁེལ་དོན་ཟབ་གསུངས་ཡོད་པ་དེ་དག་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོར་མཚོན་ན་ཉེན་བརྡ་བཏང་བ་ཞིག་དང་ཁྱད་མེད་པས་ངེས་པར་དུ་སེམས་ཁྲལ་གྱི་འདུ་ཤེས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་དགོས། དེ་ལྟར་མ་བྱས་ཚེ་ཉེན་ཁ་དང་འཕྲད་སྲིད་ཅེས་བཤད་པ་རེད།
        གོང་དཀར་རྫོང་གི་ཏང་ཡོན་རྒན་པ་བསྟན་འཛིན་ཆོས་འཕེལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་སློབ་གསོ་ལག་ལེན་བྱེད་སྒོར་དམིགས་ནས་བཏོན་གནང་བའི“ངེས་པར་དུ་གཙོ་གནད་མངོན་གསལ་དོད་པོ་ཡོང་བར་བྱས་ནས་གནད་དོན་ལ་དམ་པོར་དམིགས་དགོས”ཞེས་པ་དང་།“ངེས་པར་དུ་འགོ་ཁྲིད་ཀྱིས་སྣེ་འཁྲིད་དེ་གོང་རིམ་གྱིས་འོག་རིམ་ལ་འགོ་ཁྲིད་བྱེད་དགོས”ཞེས་པ།“ངེས་པར་དུ་ཤེས་ཡོན་ལ་བརྟེན་ནས་ཀུན་སྤྱོད་ལ་སྐུལ་འདེད་གཏོང་བ་དང་ཀུན་སྤྱོད་ལ་བརྟེན་ནས་ཤེས་ཡོན་ལ་སྐུལ་འདེད་གཏོང་དགོས”ཞེས་པ།“ངེས་པར་དུ་ནན་པོ་བྱེད་རྒྱུ་ཨང་དང་པོར་བཟུང་ནས་ནན་ཏན་དངོས་སྒྲུབ་བྱེད་དགོས”ཞེས་པ།“ངེས་པར་དུ་རིམ་པ་བཞིན་ལྟ་སྐུལ་ནན་པོ་བྱས་ནས་གོང་འོག་བར་མཉམ་འགུལ་བྱེད་དགོས”ཞེས་པ།“ངེས་པར་དུ་མང་ཚོགས་ལ་ཡིད་ཆེས་བཅངས་ནས་སྒོ་མོ་ཡངས་པོར་ཕྱེ་དགོས”ཞེས་པ་བཅས་ཀྱི“ཉམས་མྱོང་དྲུག”གིས་བྱེད་སྒོར་གསོན་ཉམས་ལྡན་ལ་ཁ་གསལ་བའི་རི་མོ་བྲིས་པ་ལྟར་སྣང་ཞིང་།དེ་ནི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོའི་ཆེས་ཐད་ཀར་དང་ཆེས་དངོས་འབྲེལ་གྱི་མྱོང་ཚོར་དང་།སློབ་གསོ་ལག་ལེན་བྱེད་སྒོའི་ངོས་འཛིན་མཐོར་གཏོང་བྱེད་པའི་རིགས་པའི་གཞུང་ལུགས་གནད་བསྡུས།དུས་བབ་གསར་པའི་འོག་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་རྩ་ཆེའི་རྒྱུ་ནོར་བཅས་ཡིན་ཞེས་བཤད་པ་རེད།
        མངའ་རིས་ས་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་ཡའོ་མིང་ཅུས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་ནི་བབས་ཆགས་ཟོལ་མེད་དང་དོན་ཟབ་ཚིག་གསལ་ཞིག་ཡིན་ལ།གསུང་བཤད་ཧྲིལ་པོའི་འགོ་མཇུག་བར་གསུམ་དུ་དངོས་ཐོག་བདེན་འཚོལ་གྱི་བསམ་བློའི་ལམ་ཕྱོགས་དང་ཏང་བཅོས་སྐྱོང་ནན་པོ་བྱེད་པའི་རྩ་བའི་བླང་བྱ་མངོན་ཡོད་པས།དེ་ནི་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ཚད་ལྡན་ཡིག་ཆ་གལ་ཆེན་གཞན་ཞིག་ཡིན།གསུང་བཤད་ནང་དུས་བབ་གསར་པའི་འོག་ཏང་བཅོས་སྐྱོང་ནན་པོ་བྱེད་རྒྱུ་མཐའ་འཁྱོངས་བྱེད་པའི་ཤིན་ཏུ་གལ་ཆེ་བའི་རང་བཞིན་དང་དངོས་ཡོད་ཀྱི་དགོས་གལ་རང་བཞིན་རྒྱས་བཤད་གཏིང་ཟབ་གནང་ཡོད་པ་མ་ཟད།ད་དུང་ཏང་བཅོས་སྐྱོང་ནན་པོ་བྱེད་པའི་ལས་འགན་གལ་ཆེན་བརྒྱད་ཀྱང་བརྒྱུད་རིམ་ལྡན་པའི་སྒོ་ནས་བཀོད་སྒྲིག་བྱས་པས།བླང་བྱ་ནན་པོ་དང་།གསུང་ཚིག་ནན་ལ་ཐུགས་ཁུར་ཆེ་བ།མི་རྣམས་ཀྱི་སེམས་ཤུགས་འཕེལ་བར་བྱེད་པ་ཞིག་རེད་ཅེས་བཤད་པ་རེད།
        ཉིང་ཁྲི་རྫོང་དྲ་འཕྲིན་གཞུང་དོན་ཁང་གི་ཀྲུའུ་རེན་ཞུའེ་པའོ་ཀྲུའུ་ཡིས“ཉམས་མྱོང་དྲུག”ནི་འཇིག་རྟེན་ལྟ་ཚུལ་དང་བརྟག་ཐབས་སྨྲ་བ་གཉིས་ཀ་ཡིན་པས།ཏང་དོ་དམ་དང་བཅོས་སྐྱོང་བྱེད་པའི་རིགས་པའི་གཞུང་ལུགས་དེ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་བྱས་ནས་སླད་ཕྱིན་ཏང་ནང་ཁུལ་གྱི་འགལ་བ་དང་གནད་དོན་ཐག་གཅོད་བྱ་རྒྱུའི་ཐད་ཐབས་ལམ་གསར་པ་དང་གཞི་འཛིན་ས་གསར་པ་བཟོས་ཡོད།སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་བརྗོད་དོན་ཁ་གསལ་བ་དང་།བསམ་བློ་གཏིང་ཟབ་པ།ནང་དོན་ཕུན་སུམ་ཚོགས་པ་བཅས་ཡོད་པས་དུས་བབ་གསར་པའི་འོག་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་དང་ཏང་བཅོས་སྐྱོང་ནན་པོ་བྱེད་རྒྱུ་མཐའ་འཁྱོངས་བྱ་རྒྱུའི་ཐད་འགན་འཁྲི་དོན་འཁྱོལ་དང་ཁ་ཕྱོགས་གསལ་སྟོན་གནང་འདུག་ཅེས་བཤད་པ་རེད།
        ཀུན་སྤྱོད་གཙང་ན་གོམས་སྲོལ་ཡང་དག་ཆགས།གོམས་སྲོལ་ཆགས་ན་མི་སེམས་གཅིག་ཏུ་སྒྲིལ།མི་སེམས་གཅིག་ཏུ་བསྒྲིལ་ན་བྱ་བ་ཐ་དག་འགྲུབ་ཐུབ།ཏང་གི་གཟུགས་བརྙན་དང་།སྙན་གྲགས།གསར་གཏོད་ནུས་པ།གོང་བུར་འགྲིལ་ཤུགས།འཐབ་རྩོད་ནུས་པ་བཅས་ནི་ཏང་གི་བདེ་སྡུག་དང་ཐད་ཀར་འབྲེལ་ཡོད་པ་མ་ཟད་ད་དུང་རྒྱལ་ཁབ་དང་།མི་དམངས།མི་རིགས་བཅས་ཀྱི་བདེ་སྡུག་དང་ཡང་ཐད་ཀར་འབྲེལ་ཡོད།མེ་ཏོག་རྫོང་རྫོང་ཨུད་གཞུང་དོན་ཁང་གི་ཀྲུའུ་རེན་བསོད་ནམས་གཡང་སྒྲོན་གྱིས་སྤྱི་ཁྱབ་ཧྲུའུ་ཅིས་ནན་གསུངས་གནང་བའི་མང་ཚོགས་ཀྱི་བསམ་འཆར་ནི་མེ་ལོང་ཡག་ཤོས་དེ་ཡིན་ཞེས་པའི་སྐད་ཆ་དེ་སེམས་སུ་བརྟན་པོར་ངེས་ནས་མང་ཚོགས་ཚོ་དང་མཉམ་དུ་སྙིང་གཏམ་ཤོད་རེས་བྱེད་པའམ་ཡང་ན་མང་ཚོགས་ཚོར་སྐྱོན་འཚོལ་དུ་བཅུག་ནས་མི་དམངས་ཀྱིས་ལྟ་སྐུལ་བྱེད་པའི་གེགས་མེད་བགྲོད་ལམ་ཤར་གཏོང་བྱེད་དགོས་ཞེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།