འཚོལ་བཤེར།   
藏文频道
2014ལོའི་ཟླ་11ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།བློ་མཐུན་ཝང་ཆི་ཧྲན་མཚམས་སྦྱོར་མདོར་བསྡུས་བྱེད་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་14ཉིན། 09:48】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
    ༄༅།།བློ་མཐུན་ཝང་ཆི་ཧྲན་མཚམས་སྦྱོར་མདོར་བསྡུས་བྱེད་པ།
        ཝང་ཆི་ཧྲན། ཕོ། རྒྱ་རིགས། 1948ལོའི་ཟླ་བ་བདུན་པར་འཁྲུངས། ཧྲན་ཤིས་ཐེན་ཀྲེན་ནས་ཡིན། 1969ལོའི་ཟླ་བ་དང་པོར་ལས་ཀར་ཞུགས། 1983ལོའི་ཟླ་བ་གཉིས་པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། ནུབ་བྱང་སློབ་ཆེན་ལོ་རྒྱུས་ཚན་ཁག་ལོ་རྒྱུས་ཆེད་ལས་ནས་ཐོན། སློབ་གྲྭ་ཆེ་མོའི་འཛིན་གྲྭ་དཀྱུས་མའི་སློབ་སྦྱོང་ལོ་རྒྱུས་ལྡན། མཐོ་རིམ་དཔལ་འབྱོར་མཁས་ཅན། ད་ལྟ་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ཧྲུའུ་ཅི་ཡིན།
        1969ལོ་ནས་1971ལོ་བར་ཧྲའན་ཤིས་ཞིང་ཆེན་ཡན་ཨན་རྫོང་ཕུང་ཀྲོང་ཀུང་ཧྲེར་གཞོན་ནུ་ཤེས་ཡོན་ཅན་གནང་། 1971ལོ་ནས་1973ལོ་བར་ཧྲའན་ཤིས་ཞིང་ཆེན་དངོས་མང་བཤམས་སྟོན་ཁང་དུ་ཕྱག་ལས་གནང་། 1973ལོ་ནས་1976ལོ་བར་ནུབ་བྱང་སློབ་ཆེན་ལོ་རྒྱུས་ཚན་ཁག་ཏུ་ལོ་རྒྱུས་ཆེད་ལས་སློབ་སྦྱོང་གནང་། 1976ལོ་ནས་1979ལོ་བར་ཧྲའན་ཤིས་ཞིང་ཆེན་དངོས་མང་བཤམས་སྟོན་ཁང་དུ་ཕྱག་ལས་གནང་།1979ལོ་ནས་1982ལོ་བར་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་ཉེ་རབས་ལོ་རྒྱུས་ཞིབ་འཇུག་སུའོ་རུ་དངོས་སྦྱོང་ཞིབ་འཇུག་པ་གནང་། 1982ལོ་ནས་1986ལོ་བར་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་གྲོང་གསེབ་སྲིད་ཇུས་ཞིབ་འཇུག་ཁང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གྲོང་གསེབ་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱི་ཁྲུའུ་ཀྲང་དང་ཅུས་རིམ་པ་གཞོན་པའི་ཞིབ་འཇུག་པ། འབྲེལ་གཏུགས་ཁང་གི་ཀྲུའུ་རེན་གཞོན་པ་བཅས་གནང་། 1986ལོ་ནས་1988ལོ་བར་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་གྲོང་གསེབ་སྲིད་ཇུས་ཞིབ་འཇུག་ཁང་གི་ཅུས་རིམ་པ་རྒན་པའི་ཞིབ་འཇུག་པ་དང་།རྒྱལ་སྲིད་སྤྱི་ཁྱབ་ཁང་གྲོང་གསེབ་འཕེལ་རྒྱས་དང་ཞིབ་འཇུག་ལྟེ་གནས་ཀྱི་འབྲེལ་གཏུག་ཁང་གི་ཀྲུའུ་རེན་དང་རྒྱལ་ཡོངས་གྲོང་གསེབ་སྒྱུར་བཅོས་ཚོད་ལྟ་ཁུལ་གཞུང་དོན་ཁང་གི་ཀྲུའུ་རེན་གཅིག་ལྕོགས།རྒྱལ་སྲིད་སྤྱི་ཁྱབ་ཁང་གྲོང་གསེབ་འཕེལ་རྒྱས་དང་ཞིབ་འཇུག་ལྟེ་གནས་དང་འཕེལ་རྒྱས་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ལས་ཚབ་དང་སུའོ་ཀྲང་བཅས་གནང་། 1988ལོ་ནས་1989ལོ་བར་ཀྲུང་གོ་གྲོང་གསེབ་ཡིད་རྟོན་མངགས་བཅོལ་མ་འཇོག་ཀུང་སིའི་སྤྱི་ཁྱབ་ཅིང་ལི་དང་ཏང་ཨུད་ཀྱི་ཧྲུའུ་ཅི་གནང་། 1989ལོ་ནས་1993ལོ་བར་ཀྲུང་གོ་མི་དམངས་འཛུགས་སྐྲུན་དངུལ་ཁང་གི་ཧང་ཀྲང་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མི་༼དེའི་རིང་1992ལོའི་ཟླ་བ་དགུ་པ་ནས་ཟླ་བ་བཅུ་གཅིག་པའི་བར་ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་པའི་ཟབ་སྦྱོང་འཛིན་གྲྭར་སློབ་སྦྱོང་གནང་༽ 1993ལོ་ནས་1994ལོ་བར་ཀྲུང་གོ་མི་དམངས་དངུལ་ཁང་གི་ཧང་ཀྲང་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མི་གནང་། 1994ལོ་ནས་1996ལོ་བར་ཀྲུང་གོ་མི་དམངས་འཛུགས་སྐྲུན་དངུལ་ཁང་གི་ཧང་ཀྲང་དང་ཏང་ཙུའུ་ཡི་ཧྲུའུ་ཅི་གནང་། 1996ལོ་ནས་1997ལོ་བར་ཀྲུང་གོ་འཛུགས་སྐྲུན་དངུལ་ཁང་གི་ཧང་ཀྲང་དང་ཏང་ཙུའུ་ཡི་ཧྲུའུ་ཅི་གནང་། 1997ལོ་ནས་1998ལོ་བར་ཀོང་ཏུང་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་རྒྱུན་ཨུ་གནང་། 1998ལོ་ནས་2000ལོ་བར་ཀོང་ཏུང་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་རྒྱུན་ཨུ་དང་ཧྲེང་ཀྲང་གཞོན་པ་གནང་། 2000ལོ་ནས་2002ལོ་བར་རྒྱལ་སྲིད་སྤྱི་ཁྱབ་ཁང་དཔལ་འབྱོར་སྒྲིག་གཞི་སྒྱུར་བཅོས་གཞུང་ལས་ཁང་གི་ཀྲུའུ་རེན་དང་ཏང་ཙུའུ་ཡི་ཧྲུའུ་ཅི་གནང་། 2002ལོ་ནས་2003ལོ་བར་ཧའེ་ནན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དང་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གནང་། 2003ལོ་ནས་2004ལོ་བར་པེ་ཅིང་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ། ཧྲི་ཀྲང་ལས་ཚབ་དང་པེ་ཅིང་ཨའོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་ལག་བསྟར་ཀྲུའུ་ཞི་དང་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་གནང་། 2004ལོ་ནས་2007ལོ་བར་པེ་ཅིང་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཧྲི་ཀྲང་དང་པེ་ཅིང་ཨའོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་ལག་བསྟར་ཀྲུའུ་ཞི་དང་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་གནང་།2007ལོ་ནས་2008ལོ་བར་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་གནང་། 2008ལོ་ནས་2011ལོ་བར་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཏང་ཙུའུ་ཡི་ཁོངས་མི། 2010ལོའི་ཧྲང་ཧའེ་འཛམ་གླིང་དངོས་མང་སྟོན་ཚོགས་རྩ་འཛུགས་ཨུ་ལྷན་གྱི་ཀྲུའུ་རེན་ཨུ་ཡོན་བཅས་གནང་། 2011ལོ་ནས་2012ལོ་བར་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མི་གནང་། 2012ལོར་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་།ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་གྱི་ཧྲུའུ་ཅི། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མི་བཅས་གནང་། སྐབས་བཅོ་ལྔ་པའི་ཀྲུང་དབྱང་གི་རྗེས་སྣོན་ཨུ་ཡོན་དང་། སྐབས་བཅུ་དྲུག་པ་དང་། བཅུ་བདུན་པ། བཅོ་བརྒྱད་པ་བཅས་ཀྱི་ཀྲུང་དབྱང་ཨུ་ཡོན། སྐབས་བཅུ་བདུན་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་རྒྱུན་ཨུ། སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཨུ་ཡོན་དང་། རྒྱུན་ཨུ། ཧྲུའུ་ཅི་བཅས་གནང་།
      

    ཕྱོགས་བསྡུས་གསར་འགྱུར།