འཚོལ་བཤེར།   
藏文频道
2014ལོའི་ཟླ་11ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།བློ་མཐུན་ལིའུ་ཡུན་ཧྲན་མཚམས་སྦྱོར་མདོར་བསྡུས་བྱེད་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་14ཉིན། 09:42】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
    ༄༅།།བློ་མཐུན་ལིའུ་ཡུན་ཧྲན་མཚམས་སྦྱོར་མདོར་བསྡུས་བྱེད་པ།
        ལིའུ་ཡུན་ཧྲན། ཕོ། རྒྱ་རིགས། 1947ལོའི་ཟླ་བདུན་པར་འཁྲུངས། ཧྲན་ཤིས་ཀྱི་ཤིན་ཀྲོའུ་ནས་ཡིན། 1966ལོའི་ཟླ་དགུ་པར་ལས་ཀར་ཞུགས། 1971ལོའི་ཟླ་བཞི་པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། ཀྲུང་དབྱང་ཏང་གི་སློབ་གྲྭ་ཆེན་མོའི་སློབ་སྦྱོང་གི་ལོ་རྒྱུས་ལྡན། ད་ལྟ་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་།ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་། ཀྲུང་དབྱང་ཏང་གི་སློབ་གྲྭའི་སློབ་གཙོ་བཅས་ཡིན།
        1964ལོ་ནས་1968ལོ་བར་ནང་སོག་རང་སྐྱོང་ལྗོངས་ཅི་ཉིང་དགེ་འོས་སློབ་གྲྭར་སློབ་སྦྱོང་གནང་།1968ལོ་ནས་1969ལོ་བར་ནང་སོག་རང་སྐྱོང་ལྗོངས་ཐུའུ་མོ་ཐེ་ཙོ་ཆི་པ་ཧྲེ་སློབ་གྲྭར་དགེ་རྒན་གནང་བ་དང་།ཐུའུ་མོ་ཐེ་ཡའོ་ཆི་སུའུ་ཕུའུ་ཀའེ་ཀུང་ཧྲེར་ངལ་རྩོལ་སྦྱོང་བརྡར་གནང་། 1969ལོ་ནས་1975ལོ་བར་ནང་སོག་རང་སྐྱོང་ལྗོངས་ཐུའུ་མོ་ཐེ་ཡའུ་ཆི་ཆི་ཨུད་དྲིལ་བསྒྲགས་པུར་ཀན་ཧྲེ་གནང་།1975ལོ་ནས་1982ལོ་བར་ཤིན་ཧྭ་གསར་འགྱུར་ཁང་ནང་སོག་ཡན་ལག་ཁང་ཞིང་འབྲོག་ཚོགས་ཆུང་གི་གསར་འགྱུར་འགོད་མཁན་དང་། ཙུའུ་ཀྲང་གཞོན་པ། ཡན་ལག་ཏང་ཙུའི་ཁོངས་མི་བཅས་གནང་།༼དེའི་རིང་གི་1981ལོའི་ཟླ་བ་གསུམ་པ་ནས་ཟླ་བ་བརྒྱད་པ་བར་ཀྲུང་དབྱང་ཏང་གི་སློབ་གྲྭར་སློབ་སྦྱོང་གནང་༽  1982ལོ་ནས་1984ལོ་བར་གུང་གཞོན་སྡེ་ཚོགས་ནང་སོག་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་དང་ཏང་ཙུའི་ཧྲུའུ་ཅི་གཞོན་པ་གནང་། 1984ལོ་ནས་1986ལོ་བར་ནང་སོག་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་གནང་། 1986ལོ་ནས་1987ལོ་བར་ནང་སོག་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་གནང་། 1987ལོ་ནས་1991ལོ་བར་ནང་སོག་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་དང་། དྲུང་ཡིག་ཆེ་མོ་བ། རང་སྐྱོང་ལྗོངས་ཐད་གཏོགས་ལས་ཁུངས་ཀྱི་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཅིག་ལྕོགས་བཅས་གནང་། 1991ལོ་ནས་1992ལོ་བར་ནང་སོག་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ཁྲི་ཕུང་གྲོང་ཁྱེར་གྱི་ཧྲུའུ་ཅི་གནང་། 1992ལོ་ནས་1993ལོ་བར་ནང་སོག་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཁྲི་ཕུང་གྲོང་ཨུད་ཀྱི་ཧྲུའུ་ཅི་གཅིག་ལྕོགས་གནང་། ༼1989ལོ་ནས་1992ལོ་བར་ཀྲུང་དབྱང་ཏང་གི་སློབ་གྲྭའི་འཕྲིན་བརྒྱུད་སློབ་གླིང་དུ་ཏང་སྲིད་དོ་དམ་ཆེད་ལས་སློབ་སྦྱོང་གནང་༽ 1993ལོ་ནས་1997ལོ་བར་ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་གནང་། 1997ལོ་ནས་2002ལོ་བར་ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་༼1997ལོའི་ཟླ་བ་བཅུ་པར་པུའུ་ཀྲང་རྒན་པ་རིམ་པར་གཏན་འཁེལ་བ་༽དང་ཀྲུང་དབྱང་བསམ་པའི་དཔལ་ཡོན་སྲོལ་གཏོད་མཛུབ་ཁྲིད་ཨུ་ཡོན་ལྷན་ཁང་གཞུང་དོན་ཁང་གི་ཀྲུའུ་རེན་གནང་། 2002ལོ་ནས་2012ལོ་བར་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་བཅས་གནང་། 2012ལོ་ནས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་། སྐབས་བཅུ་གཉིས་པ་དང་སྐབས་བཅུ་བཞི་པའི་ཀྲུང་དབྱང་གི་རྗེས་སྣོན་ཨུ་ཡོན་དང་། སྐབས་བཅོ་ལྔ་པ་དང་བཅུ་དྲུག་པ། བཅུ་བདུན་པ། བཅོ་བརྒྱད་པ་བཅས་ཀྱི་ཀྲུང་དབྱང་ཨུ་ཡོན། སྐབས་བཅུ་དྲུག་པ་དང་སྐབས་བཅུ་བདུན་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་བཅས་དང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། རྒྱུན་ཨུ། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་བཅས་གནང་།
      

    ཕྱོགས་བསྡུས་གསར་འགྱུར།