འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་མཐོ་རིམ་སློབ་གསོའི་སློབ་རྒྱུས་དང་སློབ་གནས་དྲ་ཐོག་ནས་འཚོལ་ཞིབ་དང་
    གློག་རྡུལ་གྱི་ཁས་ལེན་དཔང་འདོན་བྱ་རྒྱུ་ཁྱབ་གདལ་བཏང་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་20ཉིན། 11:00】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
            མི་དམངས་དྲ་བའི་འཕྲིན། ཉེ་དུས་སློབ་གསོ་པུས་བརྡ་ཐོ་ཞིག་བཏང་ནས་མཐོ་རིམ་སློབ་གྲྭའི་སློབ་མའི་སྐྱིད་སྡུག་དང་སློབ་རྒྱུས་ཀྱི་ཆ་འཕྲིན་དོ་དམ་མ་ལག་དང་སློབ་གནས་ཀྱི་ཆ་འཕྲིན་དོ་དམ་མ་ལག་གི་འབྲེལ་ཡོད་གྲངས་གཞིའི་མཛོད་ནང་ཐོ་བཀོད་བྱས་པའི་སློབ་རྒྱུས་དང་སློབ་གནས་ཡིན་ཕྱིན་དྲ་ཐོག་ནས་འཚོལ་ཞིབ་དང་གློག་རྡུལ་གྱི་ཁས་ལེན་དཔང་འདོན་ཐུབ་རྒྱུ་དང་། གློག་རྡུལ་གྱི་ཐོ་འགོད་ལམ་ལུགས་ལག་བསྟར་མ་བྱས་གོང་གི་རྒྱལ་ནང་གི་མཐོ་རིམ་སློབ་གསོའི་སློབ་རྒྱུས་དང་སློབ་གནས་དེ་2002ལོའི་གོང་དུ་སློབ་གྲྭ་ཐོན་པའི་སློབ་རྒྱུས་ཆ་འཕྲིན་དང་2008ལོའི་ཟླ་9པའི་གོང་དུ་སློབ་གནས་སྤྲད་པའི་ཆ་འཕྲིན་མུ་མཐུད་མིའི་ཐབས་ལ་བརྟེན་ནས་ཞིབ་དཔྱད་བསྡུར་བཤེར་བྱས་ཏེ་ཡིག་ཐོག་ནས་ཁས་ལེན་དཔང་འདོན་བྱ་རྒྱུ་རེད།
            བརྡ་ཐོའི་ནང་གཏན་འབེབས་བྱས་དོན། རྒྱལ་ནང་གི་མཐོ་རིམ་སློབ་གསོའི་སློབ་རྒྱུས་ཆ་འཕྲིན་དེ་ཀྲུང་གོའི་མཐོ་རིམ་སློབ་གསོའི་སློབ་མའི་ཆ་འཕྲིན་དྲ་རྒྱ་ནས་འཚོལ་ཞིབ་དང་གློག་རྡུལ་གྱི་ཁས་ལེན་དཔང་འདོན་ཐུབ་པ་དང་། རྒྱལ་ནང་གི་སློབ་གནས་ཆ་འཕྲིན་དེ་ཀྲུང་གོའི་སློབ་གནས་དང་ཞིབ་འཇུག་སློབ་མའི་སློབ་གསོའི་ཆ་འཕྲིན་དྲ་རྒྱའི་ཀྲུང་གོའི་སློབ་གནས་ཁས་ལེན་དཔང་འདོན་མ་ལག་ནས་འཚོལ་ཞིབ་དང་གློག་རྡུལ་གྱི་ཁས་ལེན་དཔང་འདོན་ཐུབ་རྒྱུ་རེད།
            འདི་ལོ་ཟླ་7ཚེས་1ཉིན་ནས་བཟུང་རང་རྒྱལ་གྱིས་རྒྱལ་ནང་གི་མཐོ་རིམ་སློབ་གསོའི་སློབ་རྒྱུས་དང་སློབ་གནས་ཀྱི་ཁས་ལེན་དཔང་འདོན་གྱི་ཞབས་ཞུའི་གྲོན་བསྡུ་ཕྱོགས་ཡོངས་ནས་མེད་པ་བཟོས་ཡོད། གློག་རྡུལ་གྱི་འཚོལ་ཞིབ་དང་ཁས་ལེན་དཔང་འདོན་གྱི་ཞབས་ཞུ་ཁྱབ་གདལ་ཤུགས་ཆེན་བཏང་བ་དེས་ཞབས་ཞུའི་བརྒྱུད་རིམ་སྟབས་བདེ་རུ་འགྲོ་རྒྱུར་ཕན་ཐོགས་བྱུང་བ་མ་ཟད། ཞབས་ཞུའི་སྤུས་ཚད་གོང་མཐོར་ཕྱིན་ནས་རྒྱལ་ནང་གི་མཐོ་རིམ་སློབ་གསོའི་སློབ་རྒྱུས་དང་སློབ་གནས་ར་སྤྲོད་ཀྱི་གྲངས་གཞི་འཚོལ་ཞིབ་སོགས་སྤྱི་ཚོགས་ཀྱི་དགོས་མཁོ་སྔར་བས་ཡག་པོ་སྐོང་ཐུབ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།