འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་འཛམ་ཐང་རྫོང་གིས་འཛམ་བྷ་ལའི་དུས་ཆེན་དགའ་གཏོང་བྱེད་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་20ཉིན། 11:09】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།སི་ཁྲོན་འཛམ་ཐང་རྫོང་གིས་འཛམ་བྷ་ལའི་དུས་ཆེན་དགའ་གཏོང་བྱེད་པ།
             མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་17ཉིན་སི་ཁྲོན་ཞིང་ཆེན་འཛམ་ཐང་རྫོང་གི་2018ལོའི་འཛམ་བྷ་ལའི་དུས་ཆེན་རྫོང་གྲོང་དུ་འགོ་ཚུགས་པ་རེད། ཚེས་16ཉིན་ནས་བཟུང་ས་གནས་དེ་གའི་མི་རིགས་ཁག་གི་མང་ཚོགས་ཀྱིས་དུས་ཆེན་གྱི་གཟབ་མཆོར་ལེགས་པར་སྤྲས་ནས་གླུ་ལེན་གར་འཁྲབ་ཀྱིས་འཛམ་བྷ་ལའི་དུས་ཆེན་དགའ་གཏོང་བྱས་པ་རེད།
             འདི་ལོའི་འཛམ་བྷ་ལའི་དུས་ཆེན་དེ་འཛམ་ཐང་རྫོང་བཙུགས་ནས་ལོ་60འཁོར་བ་དང་ཏག་ཏག་འཁེལ་ཞིང་། དེའི་རིང་ད་དུང་རྫོང་བཙུགས་ནས་ལོ་60འཁོར་བའི་གྲུབ་འབྲས་འགྲེམས་སྟོན་དང་། ལྷ་མོའི་འཁྲབ་སྟོན། རྟ་རྒྱུག་གཡག་རྒྱུག རིག་རྩལ་སྐོང་འཁྲབ་སོགས་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་བྱེད་སྒོ་སྤེལ་རྒྱུ་ཡིན་ཞིང་། གོང་གི་པར་རིས་ནི་ཟླ་8ཚེས་17ཉིན་སི་ཁྲོན་ཞིང་ཆེན་འཛམ་ཐང་རྫོང་གི་བོད་རིགས་མང་ཚོགས་ཀྱིས་གླུ་ལེན་གར་འཁྲབ་བྱས་ཏེ་འཛམ་བྷ་ལའི་དུས་ཆེན་ལ་བསུ་བ་ཞུ་བའི་གནས་ཚུལ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།