འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་མངའ་རིས་སུ་དུར་ཁུང་སྔོག་འདོན་བྱས་ཏེ་ས་མཐོའི་ཡི་གེ་མ་བྱུང་གོང་གི་ཤེས་རིག་གི་རྗེས་ཤུལ་འཚོལ་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་17ཉིན། 14:30】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།བོད་ལྗོངས་མངའ་རིས་སུ་དུར་ཁུང་སྔོག་འདོན་བྱས་ཏེ་ས་མཐོའི་ཡི་གེ་མ་བྱུང་གོང་གི་ཤེས་རིག་གི་རྗེས་ཤུལ་འཚོལ་བ།
            མི་དམངས་དྲ་བའི་འཕྲིན། མངའ་རིས་མཉམ་འབྲེལ་གནའ་རྫས་རྟོག་ཞིབ་ཚོགས་པའི་ཚོགས་མི་དང་ས་གནས་དེ་གའི་རིག་དངོས་ཅུས་ཀྱི་ལས་དོན་མི་སྣས་མྱུར་སྐྱོབ་རང་བཞིན་གྱི་དུར་ཁུང་སྔོག་འདོན་བྱེད་པའི་ལས་ཀར་གྲོས་བསྡུར་ཞིབ་མོ་བྱེད་བཞིན་ཡོད།(གཡོན་ནས་གཡས་བར་རིམ་པ་བཞིན་ཤར་རྒན་དབང་འདུས། ཀྲང་ཅན་ལིན། བློ་བརྟན། ཞི་ལིན།)
            བོད་ལྗོངས་མངའ་རིས་ཀྱི་ཆ་སྙོམས་ས་བབ་མཐོ་ཚད་སྨི་4500ཡན་ཟིན་ཞིང་། “འཛམ་གླིང་གི་ཡང་རྩེའི་ཡང་རྩེ”ཞེས་འབོད་སྲོལ་ཡོད། ཉེ་བའི་ལོ་ཤས་རིང་། ཞང་ཞུང་དང་བོད་ནུབ་རྒྱུད་ཀྱི་སྔ་མའི་ཤེས་རིག་ཞིབ་འཇུག་ཟམ་མི་ཆད་པར་སྐུལ་འདེད་བཏང་བ་དང་བསྟུན་ནས། མངའ་རིས་ནི་རྒྱལ་སྤྱིའི་བོད་རིག་པའི་“ས་མཐོའི་ཡི་གེ་མ་བྱུང་གོང་གི་ཤེས་རིག”ཞིབ་འཇུག་བྱེད་གནས་ཚ་ཤོས་ཀྱི་གྲས་སུ་གྱུར། ཉེ་ཆར། གསར་འགོད་པ་མངའ་རིས་མཉམ་འབྲེལ་གནའ་རྫས་རྟོག་ཞིབ་ཚོགས་པ་དང་མཉམ་དུ་གནའ་རྫས་རྟོག་ཞིབ་བྱེད་ས་མང་པོར་བསྐྱོད་ནས། གནའ་རྫས་རྟོག་ཞིབ་པས་གང་འདྲ་བྱས་ནས་དུར་ཁུང་ལ་བརྟག་དཔྱད་དང་སྔོག་འདོན་བྱས་པ་བརྒྱུད་ནས་མཚོ་བོད་མཐོ་སྒང་དུ་ཡི་གེ་མ་བྱུང་གོང་གི་ཤེས་རིག་གི་རྗེས་ཤུལ་འཚོལ་ཞིབ་བྱེད་པའི་ཐད་ནས་གནའ་རྫས་རྟོག་ཞིབ་ཀྱི་རིགས་གཅིག་མཁས་ཅན་ཚོར་བཅར་འདྲི་ཟབ་མོ་བྱས་ཡོད།
             1985ལོར་མངའ་རིས་གུ་གེའི་གནའ་ཤུལ་ནས་ཤིང་གི་པུར་སྒམ་ཞིག་སྔོག་འདོན་བྱས་ཡོད། 1992ལོར་རིག་དངོས་ཡོངས་བཤེར་བྱེད་སྐབས་མངའ་རིས་རུ་ཐོག་ནས་རྡོའི་པུར་སྒམ་མང་པོ་རྙེད་ཡོད། 1998ལོར་མཐོ་ལྡིང་དགོན་དུ་གནའ་རྫས་བརྟག་དཔྱད་བྱེད་སྐབས་ཉེ་འགྲམ་ནས་ཐོན་པའི་དུར་ཁུང་ལ་མྱུར་སྐྱོབ་རང་བཞིན་གྱི་སྔོག་འདོན་བྱས་ཡོད། མ་གཞི་འདི་དག་ཚང་མ་ས་ཆ་དང་དུས་ཚོད་མི་འདྲ་ཡང་དེས་གནའ་རྫས་རྟོག་ཞིབ་པས་མངའ་རིས་ཀྱི་གནའ་བོའི་དུར་ཁུང་སྔོག་འདོན་བྱེད་འགོ་ཚུགས་ཡོད་པ་མཚོན། ཉེ་བའི་ལོ་ཉི་ཤུའི་རིང་རང་རྒྱལ་གྱི་མཁས་དབང་གིས་མངའ་རིས་ས་ཁུལ་དུ་གནའ་བོའི་དུར་ཁུང་བཅུ་གྲངས་སྔོག་འདོན་བྱས་ནས། ས་འོག་ནས་རྫ་ཆས་དང་ཟངས་ཆས། ཤིང་ཆས། ལྕགས་ཆས། ཤེལ་ཕྲེང་སོགས་རིག་དངོས་རྩ་ཆེན་མང་དུ་ཐོན་ནས། མཚོ་བོད་མཐོ་སྒང་གི་བོད་བཙན་པོའི་དུས་སྐབས་སྔོན་གྱི་གནའ་རྫས་རྟོག་ཞིབ་རིག་པའི་རིག་གནས་མ་ལག་འཛུགས་རྒྱུ་དང་བོད་ལྗོངས་ནུབ་རྒྱུད་ཀྱི་སྔ་མའི་ཤེས་རིག་ཞིབ་འཇུག་བྱེད་པར་དངོས་པོའི་དཔྱད་གཞིའི་རྒྱུ་ཆ་གལ་ཆེན་མཁོ་འདོན་བྱས་ཡོད།
    【1】  【2】
    ༄༅།།བོད་ལྗོངས་མངའ་རིས་སུ་དུར་ཁུང་སྔོག་འདོན་བྱས་ཏེ་ས་མཐོའི་ཡི་གེ་མ་བྱུང་གོང་གི་ཤེས་རིག་གི་རྗེས་ཤུལ་འཚོལ་བ།
    ༄༅།།བོད་ལྗོངས་མངའ་རིས་སུ་དུར་ཁུང་སྔོག་འདོན་བྱས་ཏེ་ས་མཐོའི་ཡི་གེ་མ་བྱུང་གོང་གི་ཤེས་རིག་གི་རྗེས་ཤུལ་འཚོལ་བ།
    ༄༅།།བོད་ལྗོངས་མངའ་རིས་སུ་དུར་ཁུང་སྔོག་འདོན་བྱས་ཏེ་ས་མཐོའི་ཡི་གེ་མ་བྱུང་གོང་གི་ཤེས་རིག་གི་རྗེས་ཤུལ་འཚོལ་བ།
      

    ཕྱོགས་བསྡུས་གསར་འགྱུར།