འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་བར་སྣང་ས་ཚིགས་ཚོད་ལྟའི་གནམ་གྲུའི་སྐུལ་འདེད་མ་ལག་ཐོག་མའི་ཚོད་ལྟ་ལེགས་གྲུབ་བྱུང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་20ཉིན། 11:02】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
            མི་དམངས་དྲ་བའི་འཕྲིན། གསར་འགོད་པར་འཇིག་རྟེན་འཕུར་སྐྱོད་ཚན་རྩལ་ཚོགས་པའི་ཁང་དྲུག་པ་ནས་ཤེས་རྟོགས་བྱུང་གསལ། རང་རྒྱལ་གྱི་མི་ཞུགས་འཇིག་རྟེན་འཕུར་སྐྱོད་འདུ་འགོད་ཀྱི་བར་སྣང་ས་ཚིགས་ཚོད་ལྟའི་གནམ་གྲུའི་སྐུལ་འདེད་མ་ལག་ཐོག་མར་ཚོད་ལྟ་བྱེད་འགོ་ཚུགས་པ་དང་། ཉེ་དུས་ཁང་དེའི་སུའོ་801ལ་གྲུབ་འབྲས་ཐོབ་ཡོད། ཚོད་ལྟའི་ལས་དོན་ནང་གོ་རིམ་ཁག་བརྒྱད་ཡོད་ཅིང་། ཚོད་ལྟའི་གནམ་གྲུ་མཁའ་ལམ་དུ་འཕུར་ཚུལ་ཀུན་ལ་ཁྱབ་པ་དང་། མཁའ་ལམ་དུ་ཐོན་སྲིད་པའི་འགོག་རྐྱེན་འདྲ་བཟོ་བྱས་ཏེ་རང་རྒྱལ་གྱི་བར་སྣང་ས་ཚིགས་སྐུལ་འདེད་མ་ལག་གི་འཆར་འགོད་ཇུས་གཞིའི་ལུགས་མཐུན་རང་བཞིན་དང་མ་ལག་གི་དཔྱད་གྲངས་བཀོད་སྒྲིག་གི་ཡང་དག་རང་བཞིན་ར་སྤྲོད་བྱས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།