འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་རུ་ཁོར་ཡུག་མཛེས་ཤིང་ཡུལ་སྐོར་བ་མང་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་20ཉིན། 10:56】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཀླུ་ཆུ་རྫོང་མཚོ་ཉིན་གྲོང་རྡལ་ཀ་ཤུལ་གྲོང་ཚོ།
    ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཀླུ་ཆུ་རྫོང་མཚོ་ཉིན་གྲོང་རྡལ་ཀ་ཤུལ་གྲོང་ཚོ།
            མི་དམངས་དྲ་བའི་འཕྲིན། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཉིད་ཀན་སུའུ་དང་། མཚོ་སྔོན། སི་ཁྲོན་བཅས་ཞིང་ཆེན་གསུམ་གྱི་འབྲེལ་མཚམས་སུ་གནས་ཡོད། དེ་གར་མི་རིགས་ཀྱི་ཉམས་འགྱུར་ཟབ་མོ་ལྡན་སྟབས་རྒྱལ་ཡོངས་ཀྱི་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་ཡོད། འོན་ཀྱང་ཡུན་རིང་སྲོལ་རྒྱུན་གྱི་མི་ཕྱུགས་མཉམ་སྡོད་ཀྱི་ཐོན་སྐྱེད་བྱེད་སྟངས་དང་གད་སྙིགས་གང་བྱུང་དུ་བྱོས་པའམ་ཡང་ན་གང་བྱུང་དུ་སྤུངས་བའི་འཚོ་བ་སྐྱེལ་སྟངས་ཀྱིས་དུས་སྐབས་ཤིག་རིང་དེ་གའི་རང་བྱུང་ཁམས་ཀྱི་མཛེས་ལྗོངས་ལ་གཏོར་སྐྱོན་ཕོག་ཡོད།
             ཁོར་ཡུག་མཛེས་སུ་སོང་བ་དང་ཁྱིམ་ཚང་སྐྱིད་སྣང་དོད་དུ་སོང་བ་དང་བསྟུན་ནས་ཡུལ་སྐོར་བའང་དེ་བས་མང་དུ་སོང་ཡོད། འཚོ་བ་སྐྱེལ་སྟངས་ལ་འགྱུར་ལྡོག་བྱུང་བ་དེས་ཐོན་སྐྱེད་བྱེད་སྟངས་རིམ་སྤོར་བྱ་རྒྱུར་སྐུལ་འདེད་ཐེབས་ཡོད། ཀན་ལྷོ་བོད་རིགས་ས་ཁུལ་གྱི་མང་ཚོགས་ཀྱང་དེ་སྔ“ཕྱུགས་འཚོས་ཏེ་དབུལ་སྒྲོལ་བྱེད་པ”ནས་ད་ལྟ“ཡུལ་སྐོར་ལ་བརྟེན་ནས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པའི”བར་འགྱུར་ལྡོག་བྱུང་ཡོད་པ་རེད།
    ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཀླུ་ཆུ་རྫོང་མཚོ་ཉིན་གྲོང་རྡལ་ཀ་ཤུལ་གྲོང་ཚོའི་གྲོང་མི་སྐལ་བཟང་མཚོ(གཡས)ཡིས་རང་ཁྱིམ་གྱི་འབྲོག་ཁྱིམ་སྤྲོ་སྐྱིད་ཁང་དུ་ཡུལ་སྐོར་བར་འོ་ཇ་སྐྱེལ་བར་འགྲོ་བ།
    ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཀླུ་ཆུ་རྫོང་མཚོ་ཉིན་གྲོང་རྡལ་ཀ་ཤུལ་གྲོང་ཚོའི་གྲོང་མི་སྐལ་བཟང་མཚོ(གཡས)ཡིས་རང་ཁྱིམ་གྱི་འབྲོག་ཁྱིམ་སྤྲོ་སྐྱིད་ཁང་དུ་ཡུལ་སྐོར་བར་འོ་ཇ་སྐྱེལ་བར་འགྲོ་བ།
      

    ཕྱོགས་བསྡུས་གསར་འགྱུར།