འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་དང་བལ་ཡུལ་གྱི་གནའ་ལམ་ནས་རྣམ་པ་གསར་པ་མངོན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་15ཉིན། 13:39】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།ཀྲུང་གོ་དང་བལ་ཡུལ་གྱི་གནའ་ལམ་ནས་རྣམ་པ་གསར་པ་མངོན་པ།
              མི་དམངས་དྲ་བའི་འཕྲིན། རྒྱལ་ལམ་216སྐྱིད་རི་དུམ་བུ་ནི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་ནས་རྒྱལ་མཚམས་ཀྱི་འགག་སྒོ་རི་ཟུར་ཟམ་པ་བར་ཡིན་ཞིང་། སྤྱིའི་རིང་ཚད་ལ་སྤྱི་ལེ་94 ཡོད་པ་དང་། དེར་ཀྲུང་གོ་དང་བལ་ཡུལ་རྒྱལ་ཁབ་གཉིས་ཀྱི་མཐའ་མཚམས་ཚོང་དོན་གྱི་འགྲོ་འོང་བྱེད་ས་ཡིན། 2015ལོར་བལ་ཡུལ་དུ“4· 25”ས་ཡོམ་དྲག་པོ་བརྒྱབ་པས་བོད་ལྗོངས་ཀྱི་ས་ཆ་མང་པོར་ཤུགས་རྐྱེན་ཐེབ་ཡོད། ལམ་ཐག་ཧྲིལ་པོ་རི་མཐོ་གྲོག་རོང་ཁྲོད་གནས་ཅིང་། འགོ་ཚུགས་ས་ནས་མཇུག་བསྡུ་ས་བར་གཟར་ཚད་སྨི་སྟོང་ཙམ་གྱི་ཁྱད་པར་ཡོད་པའི་རྒྱལ་ལམ་216སྐྱིད་རི་དུམ་བུར་གནོད་འཚེ་ཚབས་ཆེན་ཕོག་ནས་སྐམ་སའི་འགྲིམ་འགྲུལ་འགྲོ་འོང་ཆད་ཡོད། ཀྲུང་གོ་དང་བལ་ཡུལ་གྱི་ཚོང་དོན་འགྲོ་འོང་གང་མགྱོགས་སླར་གསོ་བྱ་ཆེད། ཀྲུང་གོ་ལྕགས་ལམ་ཅུས་ཉི་ཤུས་འཕྲལ་མར་སྐྱིད་གྲོང་རྫོང་དུ་བསྐྱོད་ནས་འགྲོ་ལམ་མྱུར་བཟོ་བྱས་ཡོད། ད་ཆ་སྐྱིད་གྲོང་དེ་རྒྱལ་སྤྱིའི་རང་བཞིན་གྱི་འགག་སྒོར་འགྱུར་བ་དང་། དེའི་ཁར་གཞུང་ལམ་སོགས་རྨང་གཞིའི་སྒྲིག་བཀོད་ཉམས་གསོ་ལེགས་གྲུབ་ཟིན་ནས། ཀྲུང་གོ་དང་བལ་ཡུལ་གྱི་ཚོང་དོན་གནའ་ལམ་དེར་སྐྱེ་སྟོབས་སླར་ཡང་རྒྱས་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། སྐྱིད་གྲོང་འགག་སྒོའི་ལོའི་ཉོ་ཚོང“4· 25”ས་ཡོམ་དྲག་པོ་བརྒྱབ་རྗེས་ཀྱི་ཐོག་མའི་སྒོར་དུང་ཕྱུར་4.5ནས་2017ལོའི་སྒོར་དུང་ཕྱུར་28.45བར་འཕར་ཡོད། མིག་སྔར། ཆ་སྙོམས་ལོ་གཅིག་ལ་ཕྱིར་གཏོང་ནང་འདྲེན་དངོས་ཟོག་གི་ལྗིད་ཚད་ཏུན་ཁྲི་20ཡན་རྒྱུན་འཁྱོངས་ཐུབ་ཀྱི་ཡོད་པ་རེད།
    ༄༅།།ཀྲུང་གོ་དང་བལ་ཡུལ་གྱི་གནའ་ལམ་ནས་རྣམ་པ་གསར་པ་མངོན་པ།
    ༄༅།།ཀྲུང་གོ་དང་བལ་ཡུལ་གྱི་གནའ་ལམ་ནས་རྣམ་པ་གསར་པ་མངོན་པ།
    ༄༅།།ཀྲུང་གོ་དང་བལ་ཡུལ་གྱི་གནའ་ལམ་ནས་རྣམ་པ་གསར་པ་མངོན་པ།
      

    ཕྱོགས་བསྡུས་གསར་འགྱུར།