འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་ཞིང་ཆེན་གྱིས་དུས་རབས་གསར་པར་རྩ་འཛུགས་སྡེ་ཚན་གྱི་རང་ངོས་འཛུགས་སྐྱོང་ལ་
    ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར་བཏོན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་20ཉིན། 11:04】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
              མི་དམངས་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཆེན་གྱིས་དུས་རབས་གསར་པར་རྩ་འཛུགས་སྡེ་ཚན་གྱི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར་བཏོན་ཏེ་རྩ་འཛུགས་ལས་དོན་གྱི་ལས་བྱེད་པས་དུས་རབས་གསར་པར་འགན་འཁྲི་གསར་པ་དང་བྱ་སྤྱོད་གསར་པ་ཡོད་པའི་གྲལ་འགོའི་དམག་མིར་འགྱུར་གང་ཐུབ་བྱ་རྒྱུར་ལྕག་སྐུལ་བྱས་པ་རེད། ཏང་གི་ཆབ་སྲིད་འཛུགས་སྐྱོང་དེ་ཉིད་སྔ་བར་ཕྱི་གསུམ་དུ་རྩ་འཛུགས་སྡེ་ཚན་གྱི་འཛུགས་སྐྱོང་ཨང་དང་པོར་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་ཏང་ཀྲུང་དབྱང་དང་ཏང་ཡོངས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲོག་ཤིང་གནས་བབ་མཐའ་གཅིག་ཏུ་སྲུང་སྐྱོང་དང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་གཅིག་ཏུ་སྲུང་སྐྱོང་བྱས་ཏེ། “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་དང“ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། འགོ་ཁྲིད་དེ་འགན་འཁྲི་གཙང་མ་སྒྲུབ་པ། འགོ་ཁྲིད་དེ་འགན་འཁུར་བ་དང་བྱ་སྤྱོད་སྤེལ་བ་བཅས་བྱས་ནས། འགན་འཁྲི་འཁུར་བར་བརྟེན་ནས་འགན་འཁུར་ལ་སྐུལ་ཁྲིད་དང་བྱས་རྗེས་འཇོག་རྒྱུར་བརྟེན་ནས་བྱས་རྗེས་ལ་སྐུལ་འདེད་གཏོང་དགོས། ཕུགས་བསམ་དད་སེམས་དང་ཏང་གཤིས་དང་། ཏང་སྲོལ། ཏང་ཁྲིམས་བཅས་ཀྱི་སློབ་གསོ་བརྒྱབ་ནས་ཏང་ཞུགས་དམ་ཚིག་བསྐྱར་འཇོག་དང་། རྩ་འཛུགས་པུའུ་ཀྲང་གིས་ཏང་གི་སློབ་ཚན་ཁྲིད་པ། བློ་མཐུན་རྒན་གྲས་ཀྱིས་སྲོལ་རྒྱུན་གླེང་བ་སོགས་ཀྱི་རྣམ་པའི་ཐོག་ནས་རྩ་འཛུགས་ལས་དོན་གྱི་ལས་བྱེད་པས་སྔ་བར་ཕྱི་གསུམ་དུ་ཏང་ལ་ལྷག་བསམ་ཟོལ་མེད་མཐའ་གཅིག་ཏུ་བྱེད་རྒྱུར་ཁྲིད་སྟོན་བྱེད་དགོས། ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་དང་ལས་དོན་མི་སྣ་ལེགས་འདེམས་ཧྲག་སྒྲིག་བྱེད་པ་དང་ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་རྩ་འཛུགས་འཚོ་བ་གཉིས་སོགས་ཀྱི་ལམ་ལུགས་དོན་འཁྱོལ་བྱས་ནས། རྩ་འཛུགས་སྡེ་ཚན་དུ་སྔོན་ལ་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ནན་དུ་དང་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་དགོས།
                ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་གྱིས་རྩ་འཛུགས་སྡེ་ཚན་གྱི“མ་རྩོམ་བཀླག གསུང་རབ་སྦྱོང”ཞེས་པའི་འཆད་ཁྲིད་ཆེན་པོ་བཙུགས་པ་དང་རིགས་གཅིག་མཁས་ཅན་གྱིས་སློབ་ཁྲིད་དང་། ལས་བྱེད་པས་སྣེ་ཁྲིད་ནས་སློབ་སྦྱོང་། འཆད་ཁྲིད་བྱས་ནས་སློབ་སྦྱོང་ལ་སྐུལ་གཏོང་། སྤེལ་རེས་བྱས་ནས་ཕན་ཚུན་སློབ་སྦྱོང་སོགས་ཀྱི་རྣམ་པའི་ཐོག་ནས་མར་ཁེ་སི་རིང་ལུགས་ཀྱི་གསུང་རྩོམ་གྲགས་ཅན་དང་གསར་གཏོད་རིགས་པའི་གཞུང་ལུགས་མང་ཙམ་ཀློག་པ་དང་ཞིབ་ཚགས་བཀླགས་པ་དང་ཆབས་ཅིག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་གཙོ་བོ་བྱས་པ་རེད། ཉིན་རེར་དཔེ་དེབ་ཆུ་ཚོད་རེ་ཀློག་པ་དང་། ཟླ་རེར་དཔེ་དེབ་གཅིག་ཀློག་པ། ལོ་རེར་དཔེ་དེབ་བཀླགས་པའི་མྱོང་བ་ཐེངས་གཅིག་གླེང་བ་བཅས་ཀྱི“གསུམ་གཅིག”དཔེ་ཀློག་བྱེད་སྒོ་ཁྱོན་ཡོངས་ནས་ཁྱབ་གདལ་བཏང་བ་རེད། མཚོ་སྔོན་ཞིང་ཆེན་རྩ་འཛུགས་ལས་དོན་སློབ་གླིང་གྲབས་འཛུགས་བྱས་ནས་རིམ་པ་དབྱེ་ནས་འགན་འཁུར་བ་དང་རིགས་དབྱེ་ནས་གསོ་སྦྱོང་བྱེད་པའི་ལས་ཀའི་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས། ཞིང་ཆེན་དང་། གྲོང་ཁྱེར། རྫོང་བཅས་ལ་རིམ་པ་དབྱེ་ནས་རྩ་འཛུགས་སྡེ་ཚན་གྱི་ལས་བྱེད་པའི་སློབ་གསོའི་གསོ་སྦྱོང(2018ལོ་ནས་2022ལོ་བར)གི་འཆར་འགོད་བཟོས་པ་དང་། རིམ་པ་དབྱེ་ནས་རྩ་འཛུགས་ལས་དོན་གྱི་ལས་བྱེད་པའི་སློབ་གསོའི་གསོ་སྦྱོང་གི་འཆར་འགོད་བཟོས་ནས་རྩ་འཛུགས་ལས་དོན་གྱི་ལས་བྱེད་པའི་འཇོན་ཐང་དང་བྱང་ཚད་མཐོ་རུ་གཏོང་བཞིན་ཡོད་པ་རེད།
                 རྩ་འཛུགས་ལས་ཀའི་དུས་བབ་གསར་པ་དང་། ལས་འགན་གསར་པ། བླང་བྱ་གསར་པ་བཅས་གཞིར་བཟུང་ནས་ཏང་སྲིད་ལས་ཁུངས་སྒྱུར་བཅོས་དང་ཟུང་འབྲེལ་བྱས་ཏེ་རྩ་འཛུགས་སྡེ་ཚན་གྱི་འགན་འཁྲིའི་དབང་ཚད་དང་འགན་ནུས་ངེས་གནས་སྔར་བས་ཚད་ལྡན་དང་ཁ་གསལ་དུ་བཏང་སྟེ། ནང་ཁུལ་སྒྲིག་གཞིའི་བཀོད་སྒྲིག་ལེགས་སུ་དང་ལས་ཀའི་སྟོབས་ཤུགས་འདང་ངེས་ཡོང་བ་བྱེད་དགོས།
              རྩ་འཛུགས་སྡེ་ཚན་གྱི་ལས་བྱེད་པ་བདམས་གསེས་སྐོང་འཐེན་བྱེད་སྐབས། ཆབ་སྲིད་ཀྱི་ཚད་གཞི་ཨང་དང་པོར་བཞག་ནས་བདམས་གསེས་སྐོང་འཐེན་འོས་མིའི་ཆབ་སྲིད་ཀྱི་བསམ་བློའི་འཁྱེར་སོར་རྟོག་ཞིབ་བྱ་རྒྱུར་སྔར་བས་ཤུགས་སྣོན་རྒྱག་པ་དང་ཆབ་སྲིད་ཀྱི་འགག་སྒོ་ནན་པོར་བསྲུངས་ཏེ་བདམས་གསེས་སྐོང་འཐེན་བྱས་རྗེས། རྩ་འཛུགས་སྡེ་ཚན་དུ་ཞུགས་པའི་ཁས་ལེན་དམ་བཅའ་དང་ཁས་ལེན་ལག་བསྟར་སོགས་ཀྱི་བྱེད་སྒོ་སྤེལ་དགོས།
             དེ་དང་དུས་མཚུངས“ནན་པོ་དང་། གཟབ་ནན། ཞིབ་ཚགས། དྲང་པོ། བཟང་པོ”བཅས་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་།“གནད་དོན་འཚོལ་ཞིབ་ཀྱི་བསམ་གཞིག”མང་ཙམ་བྱས་ནས་ལས་དོན་ཚང་མ་དྲང་པོ་དང་ཡག་པོ་བསྒྲུབ་རྒྱུའི་བརྩོན་ལེན་དང་ཡག་ཐོག་ཡག་བརྩེགས་ཡོང་བ་བྱེད་དགོས། ཞིབ་འཇུག་བྱས་ནས་སྲིད་ཇུས་བཟོས་ཏེ་ཚད་གཞི་མཐོ་བ་དང་བླང་བྱ་ནན་པོ་མཐའ་འཁྱོངས་དང་ཀུན་སློང་དང་ཕན་འབྲས་གཅིག་མཐུན་ཡོང་རྒྱུར་མཐོང་ཆེན་བྱས་ཏེ། སྲིད་ཇུས་ཀྱི་གནད་སྨིན་རང་བཞིན་དང་ལག་བསྟར་གྱི་གོ་ཆོད་རང་བཞིན་ཆེ་རུ་གཏོང་དགོས། སྲིད་ཇུས་ཀྱི་རྣམ་གྲངས་གལ་ཆེན་ལ་དཔྱད་དཔོག་དང་རིགས་པས་ཁུངས་སྐྱེལ་གྱི་ལམ་སྲོལ་དང་། གཞི་རིམ་ཏང་གི་འཐུས་མི་དང་རིགས་གཅིག་མཁས་ཅན་གྱི་ཇུས་འདོན་ཚོགས་པས་ཐབས་དང་ཇུས་འདོན་པའི་ལམ་སྲོལ། སྤྱི་འདོམས་སྦྲེལ་མཐུད་དང་སྤེལ་རེས་མཐུན་སྦྱོར་གྱི་ལམ་སྲོལ་འཛུགས་དགོས།
            པུའུ་ནན་པོས་སྐྱོང་བ་དང་། རང་གཅུན་ནན་པོ་བྱེད་པ། དཔུང་ཁག་ནན་པོས་སྣེ་ཁྲིད་བཅས་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་སྒྲིག་ཁྲིམས་ཀྱི་འདུ་ཤེས་དང་སྒྲིག་སྲོལ་གྱི་སློབ་གསོར་རྒྱུན་མཐུད་ངང་ཤུགས་སྣོན་རྒྱག་པ་དང་། རྩ་འཛུགས་སྡེ་ཚན་གྱི་ལས་བྱེད་པས་དུས་དང་རྣམ་པ་ཀུན་ཏུ་དབང་ཆའི་མཚམས་གསལ་པོ་དབྱེ་རྒྱུར་ཁྲིད་སྟོན་བྱེད་པ། རང་རྟོགས་ངང་དབང་ཆ་འཁོར་རྒྱུག་གི་དམར་ཐིག་འབྲི་བ་བཅས་བྱེད་དགོས། ཏང་དོན་ཡོངས་བསྒྲགས་ལམ་ལུགས་དོན་འཁྱོལ་བྱ་རྒྱུར་སྣེ་ཁྲིད་བྱས་ནས་སྨྱན་སྦྱོར་བརྒྱུད་དེ་སྤྱི་དམངས་ལ་རྩ་འཛུགས་ལས་དོན་གྱི་ཆ་འཕྲིན་གལ་ཆེན་དུས་ཐོག་ཏུ་ཁྱབ་བསྒྲགས་བྱེད་པ་དང་། རྩ་འཛུགས་ལས་ཀའི་དྲང་ཕྱོགས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ། སྤྱི་ཚོགས་ཀྱི་དོ་ཁུར་ལ་དུས་ཐོག་ཏུ་ལན་རྒྱག་པ་བཅས་བྱེད་དགོས། སྒོ་དབྱེའི་ངང་རྩ་འཛུགས་པུའུ་ལ་གདེང་འཇོག་བྱ་རྒྱུ་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་ནས་བཞུགས་མོལ་དང་། བཅར་འདྲི། འདྲི་ཤོག་བརྟག་དཔྱད། དམངས་གཙོའི་དཔྱད་མོལ། ལྟ་སྐུལ་པ་གདན་དྲངས་པ། བསམ་འཆར་སྒམ་འཛུགས་པ། དྲ་བའི་བགྲོད་ལམ་བཏོད་པ་སོགས་ཀྱི་རྣམ་པའི་ཐོག་ནས་བསམ་འཆར་དང་གྲོས་འགོ་རྒྱ་ཁྱབ་ངང་བསྡུ་ལེན་བྱས་ཏེ་ལས་ཀ་སྒྲུབ་སྟངས་ལེགས་སུ་ཏན་ཏིག་གཏོང་དགོས། ཕྱོགས་གསུམ་པའི་དཔྱད་ཞིབ་གདེང་འཇོག་ལམ་སྲོལ་བཙུགས་ནས་མི་འདེམས་མི་སྤྱོད་དང་། གཞུང་ལས་པའི་རྒྱུགས་བསྡུ། ཏང་ཡོན་འཕེལ་རྒྱས། ཏང་དངུལ་གྱི་གཏོང་སྒོ་སོགས་ཀྱི་ལས་ཀར་སྤྱི་ཚོགས་ལས་རིགས་ཁག་གི་ལྟ་སྐུལ་རང་འགུལ་ངང་དང་ལེན་ཞུ་དགོས། ཕྱོགས་ལ་ཐོན་སྐབས། དགོངས་ཞུ་ཐོ་གསུབ་དང་ཐོ་འགོད་སྙན་སེང་ཞུ་བའི་ལམ་ལུགས་ལག་བསྟར་ནན་པོ་བྱས་ནས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་མངགས་པའི་སྒྲིག་བཤེར་ལྟ་ཞིབ་ཚོགས་ཆུང་གི་ལྟ་སྐུལ་སྒྲིག་ཁྲིམས་ལག་བསྟར་དང་འགན་འཁྲི་བདའ་འདེད་ཀྱི་འགན་ནུས་འདོན་རྒྱུར་རྒྱབ་སྐྱོར་བྱས་ཏེ། པུའུ་ནན་པོས་སྐྱོང་བ་དང་ལས་བྱེད་པར་དོ་དམ་ནན་པོ་བྱེད་པའི་བླང་བྱ་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས། ལས་བྱེད་པ་འདེམས་བསྐོའི་འགན་འཁྲི་བདའ་འདེད་གཏོང་བ་དང་ལྡོག་བཤེར་གྱི་ལམ་ལུགས་ལག་ལེན་བསྟར་ཏེ་རྩ་འཛུགས་ཀྱི་མི་དོན་སྒྲིག་ཁྲིམས་ལས་འགལ་བའི་རྩ་འཛུགས་སྡེ་ཚན་གྱི་ལས་བྱེད་པར་བཅའ་ཁྲིམས་དང་སྒྲིག་ཁྲིམས་གཞིར་བཟུང་འགན་འཁྲི་བདའ་འདེད་གཏོང་དགོས། རྩ་འཛུགས་ཀྱི་ལས་ཀ་མུ་མཐུད་བསྒྲུབ་རྒྱུ་འཚམ་པོ་མེད་མཁན་ལ་རྩ་འཛུགས་ཁོངས་གཏོགས་ནས་ལས་གནས་གཞན་དུ་བསྒྱུར་དགོས།
             ངོ་སྤྲོད་བྱས་པར་གཞིགས་ན། མཚོ་སྔོན་གྱི་རིམ་ཁག་རྩ་འཛུགས་སྡེ་ཚན་ཚང་མར་གཞི་རིམ་གྱི་འབྲེལ་གཏུག་ས་ཚིགས་བཙུགས་ནས་རྩ་འཛུགས་སྡེ་ཚན་གྱི་ལས་བྱེད་པས་འཚམས་འདྲི་དང་། རྩ་འཛུགས་པུའུ་ཀྲང་གཞི་རིམ་དུ་བསྐྱོད་པ། རྩ་འཛུགས་སྡེ་ཚན་གྱི་ལས་བྱེད་པ་དང་ལས་ཀ་སྤེལ་ཡུལ་དབར་སྙིང་གཏམ་དང་སྐད་ཆ་ཤོད་པའི་ལམ་ལུགས་འཛུགས་ནས་འཐུས་སྒོ་ཚང་དུ་བཏང་སྟེ་ཏང་ཡོན་དང་། ལས་བྱེད་པ། ཤེས་ལྡན་མི་སྣ་བཅས་དང་། དེ་བཞིན་མང་ཚོགས་ལ་ཉེ་བཅར་གྱིས་ཞབས་འདེགས་ཞུ་དགོས། རྩ་འཛུགས་པུའུ་ཀྲང་གིས་རིམ་པ་དེ་གའི་ཐད་གཏོགས་ཚན་པའི་འགན་འཁུར་བློ་མཐུན་གཙོ་བོ་དང་དེ་བཞིན་རིམ་པ་འོག་མའི་ས་གནས་ཏང་སྲིད་ཀྱི་ལས་འགན་གཙོ་བོ་འཁུར་མཁན་དབར་དང་། ཧྲུའུ་ཅི་གཞོན་པ། རྩ་འཛུགས་པུའུ་ཀྲང་། པུའུ་དོན་ལྷན་ཚོགས་ཀྱི་ཁོངས་མིས་ལས་དོན་ཁག་བགོས་འབྲེལ་གཏུག་གི་ས་གནས་དང་ཚན་པའི་འགོ་ཁྲིད་ཚན་ཁག་གི་ཁོངས་མིའི་དབར་སྙིང་གཏམ་དང་སྐད་ཆ་ཤོད་རེས་བྱེད་པར་ལོ་ལྟར་ཐེངས་1ལས་མི་ཉུང་བ་བྱེད་དགོས། པུའུ་དོན་ལྷན་ཚོགས་ཀྱི་ཁོངས་མི་མི་རེ་ལོ་རེར་ཉུང་མཐར་ཡང་རིམ་པ་དེའི་ཏང་ཨུད་ཀྱིས་དོ་དམ་བྱེད་པའི་འགོ་ཁྲིད་ཚན་ཁག་གི་དམངས་གཙོ་འཚོ་བའི་ཚོགས་འདུ་2ནང་ཞུགས་དགོས། རྩ་འཛུགས་པུའུ་ཀྲང་གི་གྲོང་ཚོ་མཉམ་འབྲེལ་ལམ་ལུགས་བཟོས་ནས་གནས་སྡོད་བརྟག་ཞིབ་ལ་ཤུགས་སྣོན་བརྒྱབ་སྟེ་ལས་ཀའི་ནང་གི་གནད་དོན་ངོ་མར་ཞིབ་འཇུག་དང་ཐག་གཅོད་བྱེད་དགོས། པུའུ་དོན་ལྷན་ཚོགས་ཀྱི་ཁོངས་མིས་ལོ་ལྟར་བརྟག་ཞིབ་ཉིན་30ལས་མི་ཉུང་བ་བྱེད་དགོས། “11710”ལམ་ལུགས་ཁྱབ་གདལ་ཤུགས་ཆེན་གཏིང་ཟབ་བཏང་ནས་འབྲེལ་ཐག་ཡོངས་ཀྱི་ལྟ་སྐུལ་ཞིབ་བཤེར་ལམ་སྲོལ་བཟོས་ཏེ་ལས་གནས་ཀྱི་ཕྱོད་ནུས་དོ་དམ་ལ་མུ་མཐུད་ཤུགས་སྣོན་རྒྱག་དགོས། ལས་དོན་དོན་འཁྱོལ་བྱས་ཚུལ་ཚུར་ལེན་སྙན་ཞུའི་ལམ་ལུགས་བཟོས་ཏེ་ལས་དོན་གལ་ཆེན་ཀུན་ཏུ་ཚུར་ལེན་དང་། སྤྱིར་བཏང་ལས་དོན་དུས་ཐོག་ཏུ་ཚུར་ལེན། ཡུན་རིང་ལས་དོན་དུས་བཀག་ནང་ཚུར་ལེན་བཅས་བྱས་ནས་ལས་དོན་ཁག་སྦྲེལ་མཐུད་ནུས་ལྡན་དང་འཁོར་རྒྱུག་ལམ་ལྷོངས་ཡོང་རྒྱུར་འགན་ལེན་བྱེད་དགོས།
      

    ཕྱོགས་བསྡུས་གསར་འགྱུར།