འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།ཁྲེང་ཏུས་བོད་སྐྱོར་ཐད་རྒྱང་ཁྲིད་ལས་སྟེགས་ལ་བརྟེན་ནས་བདེ་ཐང་དབུལ་སྒྲོལ་ལ་སྐུལ་འདེད་བཏང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་20ཉིན། 10:46】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་། ཁྲེང་ཏུའི་ཁ་གཏད་རོགས་སྐྱོར་བྱ་ཡུལ་བོད་རང་སྐྱོང་ལྗོངས་སྨྱོ་ནད་འཕྲོད་བསྟེན་རྒྱང་ཁྲིད་ནད་དཔྱད་ལས་སྟེགས་དངོས་སུ་སྤྱོད་འགོ་ཚུགས་ཤིང་། ལས་སྟེགས་དེ་ཁྲེང་ཏུའུ་གྲོང་ཁྱེར་མི་དམངས་སྨན་ཁང་བཞི་པས་བཙུགས་པ་དང་ལས་སྟེཌ་དེ་བརྒྱུད་བོད་ཀྱི་ལྷོ་རོང་རྫོང་སོགས་ལ་སྨྱོ་ནད་བཅོས་པའི་འཕྲོད་བསྟེན་ཞབས་ཞུ་ཚད་ལྡན་ཅན་དུ་བསྐྲུན་རྒྱུར་རོགས་རམ་བྱས་ཏེ་སྔོན་འགོག་དང་། སྨན་བཅོས། བདེ་ཐང་སླར་གསོ་བཅས་གཞི་གཅིག་ཅན་གྱི་སྨྱོ་ནད་སྔོན་འགོག་མ་ལག་བསྐྲུན་རྒྱུ་ཡིན་པ་རེད།
           ཤེས་རྟོགས་བྱུང་བར་གཞིགས་ན། ལས་སྟེགས་དེ་བརྒྱུད་ཁྲེང་ཏུའུ་གྲོང་ཁྱེར་མི་དམངས་སྨན་ཁང་བཞི་པས་རོགས་སྐྱོར་བྱ་ཡུལ་ལ་བརྙན་ལམ་འབྲེལ་མཐུད་བྱས་ནས་སྨྱོ་ནད་ཕོག་མཁན་གྱི་སྨན་བཅོས་ཐད་མཛུབ་ཁྲིད་བྱ་རྒྱུའི་ནང་སྨྱོ་ནད་ཚབས་ཆེ་ཕོག་མཁན་གྲལ་བཤེར་དང་། གཡོག་བྱེད། སྨན་སྤྲོད་པ། བདེ་ཐང་སློབ་གསོ་སོགས་ཚུད་ཡོད། ནད་པ་སྨན་ཁང་གང་སར་སྐྱོད་མི་དགོས་པ་དང་། ནད་པའི་དུས་ཚོད་དང་སྨན་རིན་གྲོན་ཆུང་། བོད་རིགས་ས་ཁུལ་གྱི་ཡུལ་མིའི“ནད་ལྟ་དཀའ་བ་དང་སྨན་རིན་མཐོ་བ”སོགས་ཀྱི་དཀའ་གནད་ཐག་གཅོད་བཅས་བྱ་ཆེད་ཕྱོགས་རྐྱང་པའི་སྨན་བཅོས་ནས་སྔོན་འགོག་དང་བདེ་ཐང་སླར་གསོའི་ཕྱོགས་སུ་སྣུར་སྲིང་བྱེད་པའི་བདེ་ཐང་དབུལ་སྐྱོར་བྱེད་ཐབས་འཚོལ་ཞིབ་བྱས་པ་རེད། 
     
      

    ཕྱོགས་བསྡུས་གསར་འགྱུར།