འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།ལེའོ་དབྱང་སློབ་འབྲིང་དང་པོའི་བོད་ལྗོངས་འཛིན་གྲྭའི་མཛེས་རྩལ་བརྩམས་ཆོས་ཀྱི་
    སྐོར་སྐྱོད་འགྲེམས་སྟོན་ལྷ་སར་གཉེར་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་08ཉིན། 13:47】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
            མི་དམངས་དྲ་བའི་འཕྲིན། ཉེ་ཆར། “ཕུགས་འདུན་4500· ལེའོ་དབྱང་གྲོང་ཁྱེར་གྱི་སློབ་འབྲིང་དང་པོའི་བོད་ལྗོངས་འཛིན་གྲྭའི་རྨི་ལམ་ནང་ས་མཐོར་ལོག་ཞེས་པའི་དགེ་སློབ་ཀྱི་མཛེས་རྩལ་བརྩམས་ཆོས་རྒྱལ་ཡོངས་སུ་སྐོར་སྐྱོད་འགྲེམས་སྟོན་སྤེལ་བའི་ས་ཚིགས་བཞི་པ་ལྷ་སར་གཉེར་བ་དང་། བོད་རང་སྐྱོང་ལྗོངས་རང་བྱུང་ཚན་རིག་རྟེན་རྫས་བཤམས་མཛོད་ཁང་དུ་འགྲེམས་སྟོན་བྱས་ཡོད། འགྲེམས་སྟོན་ཐོག་ལེའོ་དབྱང་སློབ་འབྲིང་དང་པོའི་བོད་ལྗོངས་འཛིན་གྲྭའི་དགེ་སློབ་ཀྱིས་གསར་རྩོམ་བྱས་པའི་སྣུམ་ཚོན་རི་མོ་དང་། ཤིང་པར་རི་མོ།  རྫ་བཟོས་མཛེས་རྩལ་སོགས་བརྩམས་ཆོས་400ལྷག་ཙམ་འགྲེམས་སྟོན་བྱས་ཡོད།
            ལེའོ་དབྱང་སློབ་འབྲིང་དང་པོའི་དགེ་རྒན་ཅིན་ཡན་ཅུན་གྱིས་ད་ཐེངས་ཀྱི་འགྲེམས་སྟོན་བརྩམས་ཆོས་400ལྷག་ཙམ་དེ་དག་ནི། ཁོང་ལེའོ་དབྱང་སློབ་འབྲིང་དང་པོའི་མཛེས་རྩལ་སློབ་ཁྲིད་ཀྱི་ལས་ཀར་ཞུགས་ནས་ལོ་24སོང་རིང་བོད་ལྗོངས་འཛིན་གྲྭའི་སློབ་མ་དང་བརྩེ་སེམས་ཟབ་མོས་གསར་རྩོམ་བྱས་པའི་བརྩམས་ཆོས་ཡིན། ད་ཐེངས་ཀྱི་བརྩམས་ཆོས་དག་ལྷ་སར་འཁྱེར་ཡོང་ནས་འགྲེམས་སྟོན་བྱས་པས་སློབ་མ་མང་པོར་སྤྲོ་སྣང་ཚད་མེད་སྦྱིན་ཡོད་ཅེས་ངོ་སྤྲོད་དང་འབྲེལ་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།